སྤེལ་དུས།2019.03.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
172
0

ཟླ་གསུམ་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧུའུ་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་ཅང་ཁྲའོ་ལེང་དང་ཝང་ཞའོ་ཏུང་། ཡན་ཀྲི་སོགས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད། ལིས་ཁི་ཆང་གིས་ཧུའུ་པེ་ཞིང་ཆེན་གྱི་འདས་པའི་ལོ་གཅིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ། ཧུའུ་པེ་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཁག་ཁུར་བྱེད་ཕོད་པ་དང་འགྲན་རྩོད་བྱེད་ཕོད་པ། དཔལ་འབྱོར་བརྟན་འཇགས་ངང་འཁོར་རྒྱག་བྱེད་པ་བཅས་ལ་འབད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལས་སྒོ་གཏིང་ཟབ་དུ་སྤེལ་ནས། རིགས་སོ་སོའི་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་ལ་དྲང་གཞག་དང་མགྱོགས་མྱུར། སྟབས་བདེ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། འགྱུར་བ་གཏོང་མི་རུང་བ་གཉིས་རྒྱུན་འཁྱོངས་བྱེད་དགོས་ལ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་འཕེལ་རྒྱས་དཀའ་གནད་རིམ་པར་ཐག་བཅད་དེ། སྒོ་ཁྲལ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་བཅོས་སྒྱུར་བྱ་བ་ལག་བསྟར་བཟང་བོ་བྱས་ནས། ཁྲོམ་རའི་གསོན་ཤུགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། སྒུལ་ནུས་གསར་རྙིང་གི་བརྗེ་སྤོར་བྱ་བ་མགྱོགས་མྱུར་ངང་སྤེལ་ནས། ཐོན་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས། གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་བཏང་ནས། ཞིང་བའི་ཡོང་འབབ་འཕར་སྣོན་འབྱུང་བར་བྱེད་དགོས། མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་ནས། ཐུན་མོང་ཡུག་གཅིག་ཏུ་འབྲེལ་ཞིང་ཆེས་དཀའ་ངལ་ཆེ་བའི་ས་ཁུལ་གྱི་བརྟན་འཇགས་དང་དབུལ་ཐར་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ། མུ་མཐུད་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དམངས་ཚིས་ལེགས་བཅོས་བྱ་བ་ཟབ་སྤེལ་དམ་པོར་བཟུང་མཐར། མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁྲོད་ནས་ཁེ་ཕན་ཐོབ་པར་བྱེད་དགོས་པའི་རེ་བ་བཏོན།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།