ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་པེ་ཅིང་གི་དྲིལ་སྒྲོག་ཚན་ཆུང་བཅའ་སྡོད་ཡོད་སར་སོང་ནས། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡུལ་དངོས་རྩོམ་སྒྲིག་གསར་འགོད་པར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱི་རེ་འདུན་དང་བླང་བྱ་བརྒྱུད་སྒྲོག་བྱས། ཚང་མས་འགན་འཁྲི་དམ་སྲུང་དང་འགན་ཁུར་ཕོད་པ། ནན་ཏན་གྱིས་དྲིལ་སྒྲོག་བྱ་བ་བསྒྲུབ་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གླེང་ཕྱོགས་ལ་མཁའ་དབུགས་བཟང་པོ་ཞིག་བསྐྲུན་པར་སྐུལ་མ་བཏང་།
འཚམས་འདྲིའི་ཁྲོད་དུ། ཀྲང་ཞི་མེན་གྱིས་སྐབས་སྔོན་མའི་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བར་ཁས་ལེན་གང་ལེགས་བྱས ། ཁོས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བ་ནི་ད་ལྟ་ཆེས་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་གནས་བབ་གསར་བའི་གསར་འགྱུར་དྲིལ་སྒྲོག་བྱ་བ་སྒྲུབ་ནས་མཚོ་སྔོན་གྱི་སྣང་བརྙན་གསལ་བོར་བསྐྲུན་པར་ཚང་མར་རེ་བ་བཏོན། གསར་གཏོད་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་སྨྱན་བྱད་མཉམ་བསྲེས་ཀྱི་གསར་གཏོད་གྲུབ་འབྲས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལེ་ཚན་ནང་བེད་སྤྱོད་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་སྔར་ལས་ལྷག་པའི་གསོན་ཉམས་ལྡན་པར་བྱེད་དགོས། ཀྲུང་དབྱང་སྨྱན་བྱད་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་རོགས་ལས་ལ་ཤུགས་སྣན་ནས་རང་རང་གི་ནུས་པ་གང་ཡོད་འདོན་སྤྲོད་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་བརྗོད་བྱ་གཙོ་བོ་དྲིལ་སྒྲོག་ཧུར་ཐག་བྱེད་དགོས་ཟེར།