སྤེལ་དུས།2019.03.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
75
0

ཟླ་གསུམ་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་འཐུས་མི་ཧུའུ་ཝེ་ལིན་དང་ཀུང་ཧྲུའུ་ཀོང་། ལེའོ་རིན་ཝང་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཧུའུ་ནན་གྱི་ཕྱོགས་སོ་སོའི་བྱ་བར་འཕེལ་རྒྱས་གསར་བ་བླངས་ཡོད་ཅིང་། ཧུའུ་ནན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་དང་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་ནན་བྱ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་དངོས་འབེབས་ནན་མོ་བྱས་ནས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཤིང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་དགོས། འགོ་རྩོམ་ས་གསར་བའི་སྟེང་ནས་མུ་མཐུད་དུ་བཅོས་སྒྱུར་ལས་དོན་ཁྱོན་ཡོངས་གཏིང་ཟབ་དུ་སྤེལ་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་གནད་སའི་བཅོས་སྒྱུར་གྱི་འོས་འགན་ལག་ལེན་མཐར་ཕྱིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བ་གོམ་གང་མདུན་སྤོས་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། མི་དམངས་སྲོག་ཤིང་ཡིན་པའི་གསར་གཏོད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བསམ་བློ་དང་རིག་གནས། འཚོ་བ་བཅས་ཀྱི་རེ་ལྟོས་གསར་བ་སྒོ་ཀུན་ནས་སྐོང་དགོས། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་བྱ་བ་བཟང་བོར་བསྒྲུབ་ནས། ཁོ་ཚོར་ཞབས་འདེགས་བཟང་བོ་བྱེད་དགོས། དུས་རབས་གསར་བའི་ཏང་འཛུགས་ལས་དོན་གྱི་སྤྱིའི་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་བྱ་བར་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།