སྤེལ་དུས།2019.03.09 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
51
0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས་བརྒྱད་ཉིན་གསར་འགྱུར་ལྟེ་གནས་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ལོ་ངོ་བདུན་ཅུའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགྱུར་མེད་འགོ་ཁྲིད་འོག་ཏུ་ཀྲུང་གོའི་ཕྱི་འབྲེལ་གྱིས་གསར་གཏོད་བརྩོན་ལེན་དང་དཀའ་ཁག་མཁྲེགས་གཏོར་བྱས་ཏེ། བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་བགྲོད་ལམ་བརྒྱུད་ཡོང་བ་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་ཕྱི་འབྲེལ་བྱ་བའི་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེས། དུས་རབས་གསར་བར་བསྐྱོད་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་ཐད་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པར་མ་ཟད། དེང་སྐབས་འཛམ་གླིང་གི་རྙོག་འཛིང་ཆེ་བའི་གནད་དོན་སྣ་ཚོགས་འཚོལ་ཞིབ་དང་ཐག་གཅོད་བྱེད་པར་ཁ་ཕྱོགས་གསལ་བོ་གཏན་འཁེལ་བྱས་ཡོད། ཀྲུང་གོའི་ཕྱི་འབྲེལ་གྱིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་སྔར་ལས་ཕན་ནུས་ཡོད་པའི་ཕྱི་ཕྱོགས་ཀྱི་ཆ་རྐྱེན་གསར་སྐྲུན་བྱེད་དགོས་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་སྔར་ལས་གསར་བ་འཇོག་དགོས་ཟེར།

རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཟླ་བཞི་བའི་ཟླ་སྨད་དུ་པེ་ཅིན་ནས་བསྡུ་རྒྱུ་ཡིན་ལ། འདིའི་ཐད་ནས་ཝང་དབྱི་ཡིས་བསྟན་དོན། འདི་ནི་ད་ལོར་ཀྲུང་གོར་མཚོན་ན་ཆེས་གལ་ཆེ་བའི་ཕྱི་འབྲེལ་གྲོས་ཚོགས་ཤིག་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཐོ་རིམ་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་རྒྱུ་ཡིན་པ་དང་། འགོ་མཇུག་བར་གསུམ་དུ་འགོ་ཁྲིད་པའི་སྒོར་ཅོག་གྲོས་ཚོགས་ལ་འགོ་འཛིན་གནང་རྒྱུ་རེད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།