སྤེལ་དུས།2019.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
65
0

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་དང་ཐོན་ཁུངས་གཅིག་བསྡུས་ཁུལ། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ།   སྐྱེ་ཁམས་སྲུང་སྐྱོབ་ཁུལ་གཙོ་བོ།   རིག་གནས་ཁྱད་ལྡན་ཁུལ་དང་སྐམ་སའི་དབུལ་ཕོངས་ཁུལ་གཅིག་བསྡུས་ཀྱི་ས་ཁུལ་ཞིག་ཡིན་པ་དང་།  མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་མི་རིགས་རིག་གནས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་གསོན་ཤུགས་ཆེན་པོ་འདོན་སྤྲོད་བྱེད་བཞིན་ཡོད་ལ།   མི་རིགས་སོ་སོའི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་སྤེལ་དང་།  མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་།   མཉམ་དུ་དར་རྒྱས་འགྲོ་བའི་ནང་གནས་སྒུལ་ཤུགས་མཐོར་འདེགས་བཏང་ཡོད།  དེ་བས།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་མི་རིགས་སོ་སོའི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་སྤེལ་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བཤད་རྒྱུར།  ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་ཞིང་ཆེན་གྱིས་ཁོངས་ཡོངས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་ཁྲོད་རྒྱུན་ཆད་མེད་པར་བརྗེ་རེས་འབྲེལ་འདྲིས་ཀྱི་ལམ་བུ་རྒྱ་བསྐྱེད་པ་དང་།   དེ་མི་རིགས་སོ་སོས་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་ལོངས་སྤྱོད་བྱེད་པའི་ཁྲོད་བདེ་སྐྱེད་ཀྱི་ཚོར་བ་དང་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བར་ཕན་པ་ཡོད།  མིག་སྔར།   མཚོ་སྔོན་ཞིང་ཆེན་གྱི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་ཆགས་པ་དང་།   ཡུལ་སྐོར་མི་གྲངས་དང་སྤྱིའི་ཡོང་འབབ་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུའི་ཡན་འཕར་ཡོད་ལ།   ཡུལ་སྐོར་དོ་སྣང་བྱེད་ཚད་རྒྱུན་མཐུད་མཐོར་འདེགས་འགྲོ་བཞིན་ཡོད།

ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ།  མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་ལྔ་ལྷག་སྣེ་ལེན་བྱས་པ་དང་།  ཡུལ་སྐོར་ལས་རིགས་དེ་མཚོ་སྔོན་དང་ལྷག་པར་དུ་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་དང་འདེགས་སྐྱོར་དུ་གྱུར་ཡོད།   མཚོ་སྔོན་ནི་རང་རྒྱལ་གྱི་འཐབ་ཇུས་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་།   རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་རྟེན་གནས་གཙོ་བོའང་ཡིན།   ཡུལ་སྐོར་ལས་རིགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པ་གཉིས་མཉམ་བསྲེས་འཕེལ་རྒྱས་བཏང་ན།   སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་སྤེལ་བྱེད་ཐུབ་པ་དང་།   རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།   སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

དེ་བས།  མགོན་པོ་བཀྲ་ཤིས་ཀྱིས་གཅིག་ནས་རྒྱལ་ཁབ་རིམ་པ་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་མི་རིགས་སོ་སོའི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་ཞིབ་འཇུག་གཏན་འབེབས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ས་ཁུལ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་པ་དང་།     མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   གཉིས་ནས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་དུ་གསར་འཛུགས་བྱེད་པ།  གསུམ་ནས་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་རང་སྐོར་རླངས་འཁོར་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ།  བཞི་ནས་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་སྒོ་འབྱེད་ཁུལ་ཁོངས་རྒྱ་བསྐྱེད་པ་དང་།   མཚོ་སྔོན་གྱི་ཡུལ་སྐོར་ཕྱི་ཕྱོགས་སྒོ་འབྱེད་དང་རྒྱལ་སྤྱིའི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།