སྤེལ་དུས།2019.03.10 ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ།
163
0

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཟླ་གསུམ་པའི་ཚེས་དགུ་ཉིན།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཀོས་ཀྲིག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་སོ་སོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ལ་ཞུགས།

ལིས་ཁི་ཆང་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིས་ཁི་ཆང་གིས་འཐུས་མི་པ་དབྱིན་ཁྲའོ་ལུའུ་དང་ཅིན་ཅུན་ཧེ་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ན་ནིང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕུལ་བའི་བྱ་བའི་སྙན་ཞུ་ལ་བདག་གིས་གཟེངས་བསྟོད་བྱེད་པ་ཡིན་ཟེར། ལིས་ཁི་ཆང་གིས་ཅི་ལིན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་དར་སྤེལ་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་དགོས་ལ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད་ཤུགས་ཆེན་པོ་བསྐྱེད་པ་དང་རྒྱལ་དབང་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཇེ་ཆེར་གཏོང་དགོས་པར་མ་ཟད་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས་ལ། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ་དང་ཐོན་ལས་དང་པོ་དང་གཉིས་པ། གསུམ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཞིང་བའི་ཡོང་འཕར་ཐབས་ལམ་རྒྱ་བསྐྱེད་དགོས་ཞེས་ནན་གྱིས་བསྟན།

ལིས་ཀྲན་ཧྲུའུ་ཁྲུང་ཆིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ལིས་ཀྲན་ཧྲུའུ་ཡིས་འཐུས་མི་ཁྲིན་མེན་ཨར་དང་ཐང་ལེང་ཀྲི་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། དུས་རབས་གསར་བ་དང་རེ་བ་གསར་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་བ་སྐོང་དགོས་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་བཟང་བའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་ལས་འགན་ལ་རོགས་འདེགས་ཆེན་པོ་བྱེད་དགོས་ལ། ཁྲིམས་སྐྱོང་ལ་བརྟེན་ཏེ་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ་དང་དམངས་ཚིས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲུང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བཟང་བོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བཟང་བོ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་དམ་འཛིན་དང་ལྷད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆ་རྐྱེན་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཀོས་ཀྲིག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲའོ་ལི་ཅི་ཡིས་འཐུས་མི་ཝུན་ཀྲིན་ཡུག་དང་ཁྲིན་ཧྭ་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་བདག་གིས་གཟེངས་བསྟོན་བྱེད་པ་ཡིན། ཀོས་ཀྲིག་ནི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤོབས་པ་ཆེར་བསྐྱེད་བྱེད་དགོས་ལ། འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་སྒྱུར་བྱེད་དགོས། དོན་དངོས་དང་སྦྲེལ་ཏེ་གནད་ཕིགས་བྱེད་ཐབས་ལག་བསྟར་དང་རྒྱུན་འཁྱོངས་བྱས་ཏེ། ད་ལོ་དང་སང་ལོའི་དབུལ་ཐར་མཁྲེགས་གཏོར་ལས་འགན་གཙོ་བོ་དུས་དང་རྣམ་པ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཏེན་ཞའོ་ཞང་དང་སུན་ཁྲུན་ལན། ཁྲིན་མེན་ཨུ་སོགས་གྲོས་ཞིབ་ལ་ཞུགས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།