སྤེལ་དུས།2019.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
65
0

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་དང་ཀན་སུའུ། ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བརྒྱུད་སྒྲོག་བྱས་པ་མ་ཟད་གཏམ་བཤད། ལིག་ཉིང་དང་ཝང་ཡུས་པོ། ཀྲང་ཞོ་རུང་། མིན་ཧའེ་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་དང་ཀན་སུའུ། ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་ཀྱིས་སྤྱི་ཡོངས་ལ་འཛིན་སྐྱོང་བྱས་པ་དང་ནང་དོན་ཕུན་སུམ་ཚོགས་ལ། འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་ཐད་བྱས་རྗེས་འཇོག་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་མཐོ་ཚད་དུ་འགྲེང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་གཅིག་གི་དམིགས་འབེན་མངོན་འགྱུར་བྱེད་པའི་ཟུར་ངོས་སུ་འགྲེང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཐོ་ཚད་དུ་འགྲེང་ནས། སྐྱེ་ཁམས་དཔལ་ཡོན་དང་དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་སྤེལ་ལག་བསྟར་བྱེད་པའི་ཐད་ནས་རེ་བ་གལ་ཆེན་བཏོན་ཡོད་ལ། ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཐུས་ཚབ་ཚོགས་པར་རེ་བ་བཏོན་ཡོད་པ་མ་ཟད། ཏང་ཡོངས་ལ་ཡང་རེ་བ་ནན་མོ་བཏོན་ཡོད་ལ། མཚོ་སྔོན་གྱི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ནས་དེ་ལས་ཀྱང་གལ་ཆེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཆབ་སྲིད་གླེང་བའི་རེ་བ་ལྟར། བརྩེ་བ་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚན་ཆུང་སོ་སོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པས། ངེས་པར་དུ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཆེས་ཆེ་བ་གསུམ་སེམས་སུ་བརྟན་པོར་འཛིན་པ། ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དམིགས་འབེན་ལ་དམ་དུ་དམིགས་པ། ཚད་གཞི་རྒྱུན་འཁྱོངས་བྱེད་པ། དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར་ཐད་ཤུགས་བཏོན་ནས། ལོ་ཧྲིལ་བོའི་ནང་དབུལ་ཕོངས་མི་གྲངས་མེད་པར་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་གཉིས་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། ཁུལ་ཁོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་གསར་སྐྲུན་བྱས་ཏེ། ཞིང་གསུམ་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཡུས་པོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་དང་ཀན་སུའུ། ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། 2016ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་བཀོད་སྒྲིག་ཐད་ཀྱི་གོ་དོན་གཙོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་ལ་དམ་འཛིན་བྱེད་པའི་ཐད་ཀྱི་ཆོད་སེམས་བརྟན་པོར་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མི་དམངས་ལ་བཅངས་བའི་བརྩེ་སེམས་དང་འགན་འཁྲི་ཁག་ཁུར་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་མཐོ་ཞིང་དང་འགན་འཁྲི་ཧ་ཅང་ལྕི་བས། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལུགས་གཉིས་བརྟན་བརླིང་ངང་སྤེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཡོ་འགུལ་མི་བྱེད་པ་དང་ལྷོད་གཡེང་མི་བྱེད་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བར་དམ་འཛིན་བྱེད་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།