སྤེལ་དུས།2019.03.10 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
77
0

ཟླ་གསུམ་པའི་ཚེས་དགུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་དང་ལིག་ཉིང་། ཧན་ཞའོ་ཝུའུ། ཐིན་ཅཱ་ཚའེ། ཝང་ཡུས་པོ། ཀྲང་ཀོང་རོང་སོགས་འཐུས་མིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། དེ་ནི་ཆབ་སྲིད་གླེང་བ་དང་ཁྲིམས་སྐྱོང་ལ་དོ་སྣང་བྱེད་པ། མི་དམངས་བསམ་པའི་སྙན་ཞུ་བཟང་བོ་ཞིག་རེད། སྙན་ཞུ་ཡིས་ཕྱོགས་བརྒྱད་ཐད་ཀྱི་ཁྱད་ཆོས་འབུར་ཐོན་བྱས་ཡོད་དེ། གཅིག་ནས་ཏང་ཀྲུང་དབྱང་གི་རེ་བ་ལག་ལེན་མཐར་ཕྱིན་དང་། ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་འདོན་སྤེལ། གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་ཡོད། གཉིས་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་གཞིར་བཟུང་བ་དང་། རྩ་ཁྲིམས་ཁྲིམས་ལུགས་ཀྱི་དབང་ཟིལ་སྲུང་སྐྱོབ་དང་རྩ་ཁྲིམས་ཁྲིམས་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད། གསུམ་ནས་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཀྱི་དགོས་མཁོ་བསྐངས་བ་དང་། ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད་ལ། ཁྲིམས་སྐྱོང་གི་སྣང་ཚུལ་བཟང་བོ་བསྐྲུན་ཡོད། བཞི་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་ལ། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ལ་སྐུལ་འདེད་བཏང་ཡོད། ལྔ་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཁྲིམས་ལྟར་འགན་བསྒྲུབ་བྱེད་པར་འགན་སྲུང་བྱས་ཡོད་པ་དང་། འཐུས་མིའི་གཙོ་གཞི་གོ་གནས་དང་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཁྱད་ཆོས་མངོན་པར་བྱས་ཡོད། དྲུག་ནས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་སྟེང་འཛུགས་སྐྲུན་ལ་དོ་སྣང་བྱས་པ་དང་། ལམ་ལུགས་དང་སྒྲིག་ལམ་གྱི་ཚོད་འཛིན་ཇེ་དྲག་ཏུ་བཏང་བ་དང་དམངས་འཐུས་ཚོགས་ཆེན་བྱ་བའི་སྣང་ཚུལ་གསར་བ་དང་གྲུབ་འབྲས་གསར་བ་མངོན་འགྱུར་བྱས། བདུན་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། བརྒྱད་ནས་རྩོམ་སྲོལ་བཟང་བོ་མངོན་པར་བྱས་ཡོད་ལ། སྙན་ཞུས་རྙོག་དྲ་སྟབས་བདེ་རུ་བསྒྱུར་བར་དོ་སྣང་བྱས་ཡོད། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ང་རང་ཧ་ཅང་འཐད་པ་ཡིན། ཚོགས་ཆེན་གྱི་གྲོས་ཞིབ་ལ་གྲོས་འཆམ་བྱུང་རྗེས། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་དམིགས་ནས་ལག་བསྟར་ལ་དམ་འཛིན་བྱེད་རྒྱུ་ཡིན་ཟེར།

ལིག་ཉིང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག སྣེ་ཁྲིད་དེ་རྩ་ཁྲིམས་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མིག་དཔེ་བྱས་པ་དང་། ཁྲིམས་འཛུགས་ལ་གཅིག་གྱུར་འཆར་འགོད་བྱས་ལ། ཁྲིམས་སྐྱོང་ལ་བརྩི་མཐོང་བྱས་པ་དང་བཅོས་བསྒྱུར་གསར་གཏོད་དང་དམངས་ཚིས་རྒྱ་སྐྱེད་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱས་པ་དང་། ཁག་ཁུར་སྙིང་སྟོབས་དང་དངོས་གཉེར་གྱི་སྤྱོད་ཚུལ། མི་དམངས་བསམ་པའི་འདུ་ཤེས་མངོན་པར་བྱས། སྙན་ཞུའི་བརྗོད་སྙིང་མངོན་གསལ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ལ། རྩོམ་སྲོལ་བབ་ཆགས་པ་དང་གོ་བདེ་ལ། དེ་ནི་དུས་རབས་ཀྱི་འགྲོས་དང་བསྟུན་པ་དང་མི་དམངས་འདོད་བློ་མཚོན་པ། མི་དམངས་ཚོགས་ཆེན་གྱི་འགན་འཁྲི་མཚོན་པའི་སྙན་ཞུ་བཟང་བོ་ཞིག་རེད་ཟེར།

ཧན་ཞོ་ཝུའུ་ཡིས་བཤད་རྒྱུར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཧ་ཅང་འཐད་པ་ཡིན། འདས་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཐད་ནས་ཁྱད་ཆོས་ལྔ་འབུར་ཐོན་བྱས་ཡོད་དེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། གཉིས་ནས་ཐོག་མཐའ་བར་གསུམ་དུ་དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གསུམ་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཐུས་མིའི་གཙོ་གཞི་གོ་གནས་ལ་བརྩི་འཇོག་བྱེད་པ། བཞི་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་བྱ་བ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། ལྔ་ནས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་བཅས་རེད་ཟེར།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགངོས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཡོད་ལ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱེད་ཐབས་གལ་ཆེན་ལ་དོ་སྣང་བྱས་པ་དང་། དམངས་གཙོ་ཁྲིམས་སྐྱོང་སྤེལ་བ་དང་འགན་འཁྲི་ཁག་ཁུར་མཚོན་པར་བྱས་ཡོད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་ཧ་ཅང་འཐད་པ་ཡིན་ཟེར།

ཝང་ཡུས་པོ་ཡིས་བཤད་རྒྱུར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན། གཅིག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེས་མངོན་གསལ་དང་ཆེས་རང་རྟོགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་བརྟེན་ནས། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཆབ་སྲིད་ཡིད་རྟོན་ཇེ་བརྟན་དུ་གཏོང་བའི་ཐད་མིག་དཔེ་བཟང་བོ་བསྟན། གཉིས་ནས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ཁྲིམས་སྐྱོང་བསམ་བློ་ནན་མོས་འགན་འཁྲི་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྩ་འཛུགས་ཀྱི་གསར་སྐྲུན་རང་བཞིན་གྱི་བྱ་བའི་ཐད་ནས་མིག་དཔེ་བཟང་བོ་བསྟན། གསུམ་ནས་སྒྲིག་ལམ་རེ་བ་ནན་མོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམ་པ་སོ་སོར་མིག་དཔེ་བཟང་བོ་བསྟན་ཟེར།

ཀྲང་ཀོང་རོང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཕུལ་བའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་དར་ཆ་མཐོན་པར་བསྒྲེང་བ་དང་བདེན་འཚོལ་དངོས་གཉེར་བྱེད་པ། ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ཧ་ཅང་འཐད་པ་ཡིན་ཟེར།

ཁྲིན་ལིས་ཧྥུན་དང་པད་རྒྱལ་བཀྲ་ཤིས། ཀྲང་ཡོང་ལིས། བཀྲ་ཤིས་རྡོ་རྗེས། མཱ་དབྱི་སི་ཧྥུའུ་། ཤ་བོ་སྒྲོལ་མ་སོགས་འཐུས་མིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། དམངས་འཐུས་ཚོགས་ཆེན་གྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། མཐའ་འཁོར་མི་རིགས་ས་ཁུལ་གྱི་དམངས་འཐུས་ཚོགས་ཆེན་བྱ་བའི་མཛུབ་སྟོན་དང་གསོ་སྦྱོང་ལ་ཤུགས་སྣོན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་སོགས་བརྗོད་སྙིང་ལ་དམིགས་ནས་གཏམ་བཤད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།