སྤེལ་དུས།2019.03.11 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
119
0

མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགར་ཏེ་སྲིད་གྲོས་བྱ་བར་གྲོས་ཞིབ་བྱས།

ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་རང་རང་ལས་རིགས་ཀྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་བརྗེ་རེས་ཞིབ་བསྡུར་བྱས་པ་དང་།    སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་གྲོས་མོལ་འཆར་གཞི་ཟུང་འབྲེལ་གྱིས་སྲིད་གྲོས་བྱ་བར་གྲོས་ཞིབ་བྱས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་།   སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་དང་གྲོས་ཞིབ་བྱས་ཏེ་མིག་སྔར་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཁྲོད་ཀྱི་ལས་འགན་ལྕི་མོ་དང་འགྲན་རྩོད་ལ་གདོང་གཏོད་སྐབས།  ང་ལ་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་དགོས་པ་དང་།    རང་རྟོགས་ཀྱིས་སྔར་ལས་བློ་བརྟན་འགྱུར་མེད་བཞི་ལག་བསྟར་བཟང་བོ་བྱེད་དགོས་པའི་ངོས་ཟིན་ཟབ་མོ་སྐྱེས་བྱུང་།   སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་དམིགས་ནས་བྱ་བ་སྤེལ་བ་དང་།  འདུ་ཤེས་བཞི་བརྟན་པོར་འཛུགས་པ།  རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས།  སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མི་དམངས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་སྣེ་ཁྲེད་ལ་ཤུགས་སྣོན་པ་དང་།  མི་དམངས་སྲིད་གྲོས་ཀྱི་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།   སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས་ལས་འགན་ལག་བསྟར་བྱས་ཏེ་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཐད་བྱས་རྗེས་འཇོག་དགོས།  སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་དང་ལྡན་པའི་མཉམ་ཤུགས་གྲུབ་པར་བྱེད་དགོས།   ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་སྲིད་གྲོས་གྲོས་མོལ་གྲོས་གཞིའི་ཁྲོད་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་གྲོས་དོན་ཁ་སྣོན་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར།   རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཉིས་སྟོང་བཅུ་དགུ་ལོའི་གྲོས་མོལ་འཆར་གཞི་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད་པས་ལངས་གནས་ཡོད་པ་དང་སྤུས་ཚད་ཡོད་པ།   བྱེད་ཐབས་ཡོད་པ་ཞིག་རེད།   སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་དགོས་ན་ཏང་གི་སྲིད་གྲོས་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་དགོས་ཟེར།

ཨུ་ཡོན་མཱ་ཀྲི་ཝེ་ཡིས་བཤད་རྒྱུར།   སློབ་སྦྱོང་ཞིབ་བསྡུར་དང་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ།   གྲུབ་འབྲས་ཚུལ་སྒྱུར་ལ་མཐོང་ཆེན་བྱེད་པ་བཅས་ཟུང་འབྲེལ་བྱེད་པ་དང་།   རིག་གཞུང་སློབ་སྦྱོང་དང་བསམ་བློར་དྲག་ཆས་སྤྲས་པ་བརྒྱུད་དེ་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས།  མི་དམངས་སྲིད་གྲོས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་གཅིག་བསྡུས་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་།   ཐུན་མོང་གི་ལྟ་བ་རྒྱ་ཆེར་གཅིག་བསྡུས་ཀྱིས་མཐུན་སྒྲིལ་འཆམ་མཐུན་ལ་སྐུལ་སྤེལ་བྱེད་དགོས་ཟེར།

ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ཞིབ་བསྡུར་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།   སྲིད་གྲོས་བྱ་བར་ཞུགས་པའི་ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ།   རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་སྣེ་ཁྲིད་དེ་ངོས་ཟིན་ལྔ་སྔར་ལས་མཐོར་འདེགས་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས་ཟེར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།