ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཆེད། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་མིང་ཐོ་འགོད་པའི་ཉིན་མོར་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་འགན་ཁུར་མི་སྣ་དང་ཚན་ཆུང་རྩ་འཛུགས་བྱེད་མཁན་གྱི་མི་སྣའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱི་མངག་བཅོལ་ལྟར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་གཏམ་བཤད།
ཏུའུ་ཅེ་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ལོ་གཅིག་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་བྱེད་པའི་བྱ་འགུལ་ཐད་ནས་བླངས་པའི་གྲུབ་འབྲས་ཐད་ཀྱི་གཟིགས་ཞིབ་ཐེངས་གཅིག་དང་། སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱིས་འགན་སྒྲུབ་བྱས་པའི་ཚུན་དུ་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། བསམ་བློ་ཆབ་སྲིད་ཀྱིས་བྱ་བའི་ཕན་འབྲས་ལ་སྣེ་ཁྲིད་བྱེད་པར་ཤུགས་བསྣན་པའི་ཐད་ཀྱི་ལྟ་ཞིབ་ཚད་ལེན་ཐེངས་གཅིག་ཡིན་པས། ངེས་པར་དུ་ ལངས་གནས་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་མཐོན་པོ། རེ་བ་སྔར་ལས་ནན་མོ་བཅངས་ནས་ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྡུ་བ་དང་། སྲིད་གྲོས་ཀྱི་འགན་འཁྲི་གསར་བ་ལག་བསྟར་བྱེད་པ། སྲིད་གྲོས་ཀྱི་སྣང་བརྙན་གསར་བ་མངོན་པར་བྱེད་དགོས་ཟེར།
ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། གནས་སྐབས་ཀྱི་ཏང་ཀྲི་པུའུ་སོ་སོས་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་འགོ་ཁྲིད་དངོས་འབེབས་བྱེད་པ་དང་། ཏང་གཤིས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་དགོས། གྲོས་ཚོགས་སྐབས་སུ། ཚན་ཆུང་སོ་སོའི་རྩ་འཛུགས་བྱེད་མཁན་གྱིས་གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། རང་དཔེ་གཞན་སྟོན་དང་མིག་དཔེ་རུ་བྱེད་པ། གྲོས་ཚོགས་ལ་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཚོར་དོ་དམ་ནན་མོ་བྱེད་པ་དང་རེ་བ་ནན་མོ་འདོན་པ། གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམ་དུ་དམིགས་པ་དང་། ཀྲུང་དབྱང་གི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་དཀྱིལ་སྙིང་བྱ་བ་གཞིར་བཟུང་ནས། བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་ཐད་རིན་ཐང་ལྡན་པའི་གྲོས་གཞི་མང་པོ་འདོན་སྤྲོད་བྱེད་དགོས། འགན་འཁྲི་འདུ་ཤེས་བརྟན་པོས་འགན་འཁྲི་ལག་བསྟར་བྱེད་པ་དང་། ཚན་ཆུང་སོ་སོའི་རྩ་འཛུགས་བྱེད་མཁན་ཚོས་ལངས་གནས་མཐོན་པོ་ནས་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། རྒྱ་ཆེའི་ཨུ་ཡོན་ཚོས་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་སྣང་བརྙན་བཟང་བོ་བསྐྲུན་པར་སྣེ་ཁྲིད་བྱེད་དགོས། སྒྲིག་ལམ་གྱི་འདུ་ཤེས་བརྟན་པོས་ཚོགས་ཆེན་གྱི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཚོགས་ཆེན་གྱི་སྒྲིག་སྲོལ་ལག་བསྟར་བྱས་ནས། ཐེངས་འདིའི་གྲོས་ཚོགས་རྒྱལ་ཁའི་ངང་བསྡུ་བར་ཁག་ཐེག་བྱེད་དགོས། ཐེངས་འདིའི་ཚོགས་ཆེན་དེ་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སེམས་ཤུགས་གཅིག་ཏུ་བསྒྲིལ་བ། མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ཚོགས་ཆེན་ཞིག་ཏུ་བསྡུས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།