ཚོགས་འདུའི་ཡུལ་དངོས།
རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུ་འབུལ་བཞིན་པ།
སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་རིང་སྔ་དྲོའི་དུས་ཚོད་དགུའི་སྟེང་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ།
རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུའི་ཁྲོད་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཕྱིར་དྲན་བྱེད་སྐབས་གཙོ་བོ་གཤམ་གྱི་ཕྱོགས་ལྔ་གཙོ་བོར་བཟུང་ནས་སྤྱི་སྡོམ་བྱས་ཡོད་པ་ནི། གཅིག་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བརྟན་ཞིང་ནུས་ལྡན་དུ་གྱུར་བ། གཉིས་ནས་སྲིད་གྲོས་ཀྱི་ཏང་འཛུགས་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་པ། གསུམ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་སྔར་ལས་འབུར་དུ་ཐོན་པ། བཞི་ནས་དམངས་གཙོ་གྲོས་མོལ་གྱི་ལག་ལེན་དང་གསར་གཏོད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ། ལྔ་ནས་འགན་ནུས་འཛུགས་སྐྲུན་ལ་བརྟན་འཇགས་སྒོས་ཤུགས་བསྣན་པ་བཅས་རེད།
རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུའི་ཁྲོད་ཉིས་སྟོང་བཅུ་དགུ་ལོའི་བྱ་བར་བཀོད་སྒྲིག་བྱེད་སྐབས་གཙོ་བོ་གཤམ་གྱི་ཕྱོགས་ལྔ་གཙོ་བོར་བཟུང་ནས་གླེང་ཡོད་པ་ནི། གཅིག་ནས་བློ་བརྟན་འགྱུར་མེད་ངང་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ནས། བསམ་བློ་ཆབ་སྲིད་ཀྱི་སྣེ་འདོམས་ནུས་པས་འགན་སྒྲུབ་བྱ་བའི་ཕྱོགས་ཡོངས་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། གཉིས་ནས་ཏང་འཛུགས་བྱ་བ་དམ་པོར་བཟུང་ནས། ཏང་གིས་སྲིད་གྲོས་བྱ་བར་སྣེ་ཁྲིད་པའི་བྱེད་ཕྱོགས་དངོས་འབེབས་དོན་འཁྱོལ་བྱེད་དགོས། གསུམ་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དཀྱིལ་སྙིང་དུ་བཟུང་ནས། སྤུས་ཚད་མཐོ་བའི་བློ་འདོན་ཇུས་འབུལ་དང་སྲིད་སྐྱོང་རོགས་འདེགས་བྱེད་དགོས། བཞི་ནས་དམངས་གཙོ་གྲོས་མོལ་གྱི་སྟེགས་བུ་གསར་བ་འབད་པས་བསྐྲུན་ནས། མཚོ་སྔོན་གསར་བ་བསྐྲུན་པར་ཕན་པའི་དྲང་ཕྱོགས་ཀྱི་ནུས་ཚད་ཅི་ཡོད་གཅིག་བསྡུས་བྱེད་དགོས། ལྔ་ནས་སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྲིད་གྲོས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་བཅས་ཡིན་ཟེར།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཨུ་ཡོན་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུར་ཉན་བཞིན་པ།
ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བཀར་ནས་སྲིད་གྲོས་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་སྙན་ཞུའི་ཐད་གྲོས་སྡུར་བྱེད་འགོ་བརྩམས།
ཨུ་ཡོན་རྣམས་ཀྱིས་སྙན་ཞུར་གྲོས་སྡུར་བྱེད་བཞིན་པ།
ཨུ་ཡོན་རྣམས་ཀྱིས་སྙན་ཞུར་གྲོས་སྡུར་བྱེད་བཞིན་པ།
ཨུ་ཡོན་རྣམས་ཀྱིས་སྙན་ཞུར་གྲོས་སྡུར་བྱེད་བཞིན་པ།
གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།
ལྟ་སྐུལ་བ། རྣ་བྷ།