སྤེལ་དུས།2019.01.26 ཡོང་ཁུངས།རང་རེའི་ལས་ཁུངས།
731
0

གསར་འགོད་པས་སྲིད་གྲོས་ཨུ་ཡོན། ཁུ་ནུ་གཡང་ཊིའི་སྤྱིའི་འགན་འཛིན་པ་ཁྲིན་ཅིག་ཡུས་ལ་བཅར་འདྲི་བྱེད་ཀྱིན་པ། 


 སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། སྲིད་གྲོས་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱི་བྱ་བའི་སྙན་ཞུ་ལས། ཉིས་སྟོང་བཅུ་དགུ་ལོའི་བྱ་བར་བཀོད་སྒྲིག་བྱེད་སྐབས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་དམིགས་ནས་སྤུས་ཚད་མཐོ་བའི་བློ་འདོན་ཇུས་འབུལ་དང་སྲིད་སྐྱོང་རོགས་འདེགས་བྱེད་དགོས་པར་གདམས་ཡོད་ལ། དེའི་ཁྲོད་དུ་རང་ཞིང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དམངས་འཚོ་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱེད་དགོས་ཞེས་དམིགས་སུ་བསྟན་ཡོད། གནས་ཚུལ་དེར་དམིགས་ནས་གསར་འགོད་པས་སྲིད་གྲོས་ཨུ་ཡོན། ཁུ་ནུ་གཡང་ཊིའི་སྤྱིའི་འགན་འཛིན་པ་ཁྲིན་ཅིག་ཡུས་ལ་བཅར་འདྲི་བྱེད་སྐབས་ཁོས་བཤད་རྒྱུར།

དེ་རིང་སྲིད་གྲོས་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུ་ལེགས་པོ་ཕུལ་བྱུང་། ང་ཚོས་འདས་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས། ད་ལོ་ལྟ་བུར་མཚོན་ན་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དམིགས་བསལ་བ་ཞིག་ཡིན་པས། ང་ཚོ་ཨུ་ཡོན་དང་ཁེ་ལས་པ། མང་ཚོགས་བཅས་གང་ཡིན་རུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་དེ། མཚོ་སྔོན་གསར་བ་བསྐྲུན་པར་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད། ང་ནི་མཚོ་སྔོན་ཁུ་ནུ་གཡང་ཊྀ་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཡིན་ཞིང་། རང་ཉིད་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐོང་སྣེ་ནས་འགྲེང་སྟེ། ལུགས་མཐུན་གྱི་སྒོ་ནས་གཏེར་ཁ་སྔོག་འདོན་བྱེད་པའི་ཐད་བསམ་བློ་མང་དུ་གཏོང་བཞིན་ཡོད་པར་མ་ཟད། དེ་འབྲེལ་གྱི་ལས་ཀ་མང་པོ་བསྒྲུབས་མྱོང་།  མ་འོངས་པའི་ཁུ་ནུ་གཡང་ཊྀའི་སྔོག་འདོན་དང་གསར་སྤེལ་གྱི་ཐད་ནས་ཀྱང་། ང་ཚོས་ནུས་ཁུངས་གྲོན་ཆུང་དང་ནུས་ཁུངས་དག་གཙང་ཡོང་བར་ཤུགས་བསྣན་ནས། ཁུ་ནུ་གཡང་ཊིའི་མིང་གྲགས་ཐོན་རྫས་འདིའི་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།



གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས། 

རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།

ལྟ་སྐུལ་བ། རྣ་བྷ། 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།