སྤེལ་དུས།2019.01.27 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
79
0

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་ཕུལ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཨུ་ཡོན་རྣམས་ཀྱིས་གཟབ་ནན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུར་ཉན་བཞིན་པ།

ཨུ་ཡོན་རྣམས་ཀྱིས་གཟབ་ནན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུར་ཉན་བཞིན་པ།


ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་གསུམ་ཡོད་ལ། ཨུ་ཡོན་སུམ་བརྒྱ་དང་ང་དགུ་དངོས་སུ་ཚོགས་ཐོག་ཏུ་འབྱོར་པས། གཏན་ཁེལ་གྱི་མི་གྲངས་དང་མཐུན།

དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་འགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་དང་དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཞའོ་ཡུང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་དང་ལིག་ཉིང་། པད་མ། ཝང་ཞའོ་ཡུང་། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ། ཝང་ཞིག་ཧྥིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ནས། ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས།

གྲོས་ཚོགས་སྟེང་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་འགོ་བརྩམས་པའི་ལོ་ཡིན་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་པའི་ལོ་གལ་ཆེན་ཞིག་ཡིན་ལ། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ལས་འགན་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡང་ཡིན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པ་ཡིད་ལ་དམ་པོར་བཅངས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག བཅོས་སྒྱུར་གྱི་བསམ་ཕྱོགས་དང་གསར་གཏོད་ཀྱི་འདུ་ཤེས། དངོས་གཉེར་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་པས། མི་དམངས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་ཕན་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་མངོན་ནས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།

རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔ་ནས་འདས་པའི་ལོ་གཅིག་གི་བྱ་བར་སྤྱི་སྡོམ་ཆ་ཚང་བྱས། ཁོས་བསྟན་དོན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། གཅིག་མཐུན་གྱི་ངོས་འཛིན་རྒྱ་ཆེར་བསྡུ་བ་དེ་འགན་ནུས་ལག་བསྟར་བྱ་བའི་གོ་རིམ་གཙོ་བོར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་བརྟན་ཞིང་ནུས་པ་ལྡན་པར་བྱས་པ་དང་། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ལ། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་སྔར་ལས་འབུར་དུ་ཐོན་པར་བྱས་པ་དང་། གྲོས་མོལ་དམངས་གཙོའི་ལག་ལེན་གསར་གཏོད་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ལ། འགན་ནུས་ལག་བསྟར་གྱི་ནུས་པ་འཛུགས་སྐྲུན་ལ་བརྟན་བརླིང་གིས་ཤུགས་བསྣན་ཟེར། ཁོས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་སྐོར་གྱི་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཐོག་དང་པོར་བསྡུས་པ་དང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་སྔར་ལས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་སྲིད་གྲོས་བྱ་བའི་ཐད་ཀྱི་བླང་བྱ་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཕྲག་ཏུ་བླངས། གྲོས་འདོན་བློ་འདོན་དང་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ཕྱོགས་གཉིས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ལིག་ཕན་རི་བོའི་ཕྱོགས་ཁོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན། རང་ཞིང་གི་རྒན་གསོ་ཞབས་ཞུ་ལས་རིགས་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ། རང་ཞིང་གི་བྱིས་པའི་ནད་རིགས་སྨན་བཅོས་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་གྲོས་གཞི་ལ་དམིགས་ནས་གཙོ་གནད་གྲོས་མོལ་བྱས་ཏེ། ཕན་པ་ཡོད་པའི་བསམ་འཆར་དང་གྲོས་གཞི་རབ་དང་རིམ་པ་བཏོན། ལམ་ལུགས་འཛུགས་སྐྲུན་གྱིས་བྱ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། ལོ་ཧྲིལ་པོར་བསྡོམས་པས་ལམ་ལུགས་སྣ་ཚོགས་སོ་བཞི་གཏན་འབེབས་བཟོ་བཅོས་བྱས་པ་དེ་དག བསམ་བློའི་ཆབ་སྲིད་ཁྲིད་སྟོན་དང་ཏང་གི་འཛུགས་སྐྲུན། འགན་ནུས་ལག་བསྟར་ནུས་པའི་འཛུགས་སྐྲུན། ཨུ་ཡོན་དཔུང་སྡེའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་སྲིད་གྲོས་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་སོགས་དང་འབྲེལ་ཡོད། ཀྲུའུ་ཞིའི་ཐུན་མོང་གཟིགས་བཤེར་ལམ་ལུགས་གསར་གཏོད་འཛུགས་སྐྲུན་བྱས་ཏེ། གནད་དོན་ལ་དམིགས་པ་དང་ཐུན་མོང་གི་ལྟ་བ་གྲུབ་པར་བྱེད་པ། བྱ་བའི་དངོས་འབེབས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ནས་ཕན་འབྲས་མངོན་གསལ་བླངས་ནས། རང་ཞིང་གི་སྲིད་གྲོས་ཁོངས་གཏོགས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་ཁྲིད་བྱས། ཨུ་ཡོན་གྱི་ཞབས་ཞུ་དོ་དམ་གསར་གཏོད་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་དུ་བཞི་ཅན་གཅིག་གི་བྱ་འགུལ་རྒྱ་ཆེར་སྤེལ་བ་བཅས་བྱས་པས། དུས་རབས་གསར་པའི་རང་ཞིང་གི་སྲིད་གྲོས་ལས་དོན་ལ་གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ལོ་གཅིག་གི་བྱ་བའི་ལག་ལེན་བརྒྱུད་ནས། ང་ཚོས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་གསར་པ་འབྱུང་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གཅིག་གྱུར་བཀོད་འདོམས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་གཞི་རྩའི་ཆབ་སྲིད་རྩ་དོན་དུ་བརྩི་བ་དང་། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། མི་དམངས་སྲིད་གྲོས་ལས་དོན་དུས་རྟག་ཏུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་པ། ངེས་པར་དུ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པ་ཡིད་ལ་དམ་པོར་བཅངས་པ་དང་། ལག་ལེན་འཚོལ་ཞི་བདང་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། ལམ་ལུགས་འདི་སྔར་ལས་ཆ་ཚང་འཐུས་ཚང་དུ་གཏོང་བར་འབད་བརྩོན་བྱེད་དགོས་པ། ངེས་པར་དུ་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཐུན་མོང་གི་ལྟ་བ་རྒྱ་ཆེར་བསྡུ་བ་རྒྱུན་འཁྱོངས་བྱེད་པ་དེ་འགན་ནུས་ལག་བསྟར་གྱི་གོ་རིམ་གཙོ་བོར་བརྩི་བ་དང་། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་ཁྱད་སྟོབས་ལེགས་པར་བཏོན་ནས། བཅས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་ལ་ཐུན་མོང་གི་ལྟ་བ་རྒྱ་ཆེར་བསྡུ་དགོས་པ། ངེས་པར་དུ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ལེགས་པར་འདོན་པ་དང་། འགན་ནུས་ལག་བསྟར་ནུས་པའི་འཛུགས་སྐྲུན་ལ་ཤུགས་ཆེན་པོ་བསྣན་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་བཏོན་པའི་བླང་བྱ་གསར་པ་དང་བར་མེད་དུ་བསྟུན་དགོས་པ་བཅས་གསལ་པོར་ཤེས་སོང་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་མཛུབ་སྟོན་དགོངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པ་ཡིད་ལ་དམ་པོར་བཅངས་ནས། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། ལྔ་བཞིའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བཀོད་སྒྲིག་བླང་བྱར་དམ་དུ་དམིགས་པ། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ། འགན་ནུས་ལག་བསྟར་གྱི་ནུས་པ་ཇེ་ཆེར་གཏོང་བ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཕྱོགས་ཡོངས་ལ་ཤུགས་སྣོན་པ། སྲིད་གྲོས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། སྲིད་གྲོས་ཨུ་ཡོན་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་དངོས་སུ་གཅིག་སྡུད་བྱེད་པ་བཅས་བྱས་ཏེ། མཉམ་དུ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་འཐབ་བྱེད་རྒྱུ་དེ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ནང་དུ་ད་ལོའི་བྱ་བ་གལ་ཆེན་ལྔ་བཏོན། གཅིག གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་དེ་འགན་ནུས་ལག་བསྟར་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ནས་དངོས་འབེབས་བྱེད་རྒྱུ། གཉིས། ཏང་འཛུགས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཏང་གིས་སྲིད་གྲོས་བྱ་བར་འགོ་ཁྲིད་པ་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ། གསུམ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་དམིགས་ནས། སྤུས་ཚད་མཐོ་བའི་གྲོས་འདོན་བློ་འདོན་བྱེད་རྒྱུ། བཞི། གྲོས་མོལ་དམངས་གཙོའི་སྟེགས་བུ་གསར་པ་ཧུར་ཐག་གིས་བསྐྲུན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དྲང་ནུས་རྒྱ་ཆེར་གཅིག་སྡུད་བྱེད་རྒྱུ། ལྔ། སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ནས། སྲིད་གྲོས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་བྱེད་རྒྱུ་བཅས་ཡིན་ཟེར།

ཀྲང་ཧྲིག་ཁྲིན་གྱིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས་བསྡོམས་པས་གྲོས་གཞི་བཞི་བརྒྱ་དང་སུམ་ཅུ་སྤྲད་པ་དང་། ཞིབ་བཤེར་བྱས་རྗེས་གྲོས་གཞི་སུམ་བརྒྱ་དང་སོ་དྲུག་ཐོ་འགོད་བྱས་ལ། ཐོ་འགོད་བྱས་ཚད་བརྒྱ་ཆའི་དོན་བརྒྱད་ལྷག་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་བར་དུ། གྲོས་གཞི་ཡོངས་རྫོགས་བསྒྲུབས་ཚར།

ཀྲང་ཀོང་རུང་དང་མཱ་ཝེ། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཁོང་ཡུང་། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཁྲིན་མེན་གོ། མིན་ཡུང་ཧྲན། ལིས་ཙེ་ཡོན། ལུའུ་ཀོང་ཡུང་། གོ་ཅན་ཅུན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།