སྤེལ་དུས།2019.01.27 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
50
0

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རིགས་སོ་སོ་དང་ལས་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་།  ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་སྡུར་བྱས།

ཨུ་ཡོན་ཚོས་མཐའ་གཅིག་ཏུ། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་ལ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་དང་། སྐབས་གསར་བའི་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་འགོ་རྩོམ་པའི་ལོ་ཡང་ཡིན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་བ་དང་འགན་འཁྲི་གསར་བར་རྒྱས་ལོན་གསལ་བོ་བྱས་ཏེ། བཅོས་སྒྱུར་གྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱས་པས། མི་དམངས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། སྣང་བརྙན་གསར་བ་མངོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་ཕུལ་ཟེར།

གྲོས་སྡུར་ཁྲོད། ཨུ་ཡོན་ཚོས་སྙན་ཞུ་གཉིས་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོན་པོ་བྱས། ཚང་མས། སྙན་ཞུ་གཉིས་ཀྱི་ནང་དོན་ཞིབ་ཅིང་བདེན་པ་ཡིན་ལ། བརྗོད་སྙིང་མངོན་གསལ་ཡིན་ཞིང་བདེན་འཚོལ་དངོས་གཉེར་བྱས་ཡོད་པ་དང་། ཁྱད་ཆོས་འབུར་ཐོན་ཡིན་ལ། མི་སེམས་འགུལ་བ་དང་སྐུལ་མ་ཐེབས་ཐུབ་པ་མ་ཟད། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། 2019ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་ལ། སྒུལ་ཤུགས་གསར་བ་བསྣན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་དུ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཚོགས་ཞུགས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས། ལྔ་བཞི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ་དང་།  གྲོས་གཞི་འདོན་པའི་ལག་བསྟར་འགན་ནུས་བརྒྱུད་དེ། བསྡོམས་པས་གྲོས་གཞི་བཞི་བརྒྱ་དང་སུམ་ཅུ་བཏོན་པ་དང་། གྲོས་གཞི་སུམ་བརྒྱ་དང་སོ་དྲུག་ལ་ཞིབ་བཤེར་བྱས་ནས་ཐོ་འགོད་བྱས། 2018ལོའི་ལོ་མཇུག་བར་དུ། གྲོས་གཞི་ཡོངས་རྫོགས་བསྒྲུབས་ཚར་བ་དང་། གྲོས་གཞི་ཕན་ལྡན་དང་མགྱོགས་མྱུར་ངང་བསྒྲུབས་པ་དེས་ཨུ་ཡོན་ཚོའི་བློ་འདོན་ཇུས་འབུལ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཟེར།

ཨུ་ཡོན་ཚོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། འགན་ནུས་བསྒྲུབ་པ་དང་འགན་འཁྲི་ལག་བསྟར་བྱེད་པ། བློ་འདོན་ཇུས་འབུལ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དུས་རབས་གསར་བའི་མཚོ་སྔོན་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ལེའུ་གསར་བ་འབྲི་རྒྱུའི་ཚུལ་བསྟན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།