སྤེལ་དུས།2019.01.27 ཡོང་ཁུངས།རང་རེའི་ལས་ཁུངས།
603
0

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ཐེངས་གསུམ་པ་དེ་རིང་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

ཧྲིན་ཀྲང་ལིག་ཉིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ནང་དོན་གཉིས་སུ་བཀར་ནས་ཕུལ་ཡོད་ཅིང་།  གཅིག་ནི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཕྱིར་ལྟ་བྱས་ཡོད་ལ། ཅིག་ཤོས་ནི་ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཕྱིར་ལྟ་བྱེད་སྐབས་གཙོ་བོ་གཤམ་གྱི་དོན་ཚན་དྲུག་གི་ནང་འདུས་པར་བྱས་ཡོད་དེ། གཅིག་ནས་ཐབས་མང་མཉམ་སྤྱོད་བྱས་ཏེ། སྒུལ་ནུས་གསར་རྙིང་མགྱོགས་མྱུར་ངང་བརྗེ་སྒྱུར་བྱས། གཉིས་ནས་རྩ་ལག་མཉམ་བཅོས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ། གསུམ་ནས་གནད་དུ་འཁེལ་བར་ཤུགས་བསྣན་ནས། མཁྲེགས་གཏོར་ཆེན་མོ་གསུམ་གྱི་འགོ་ལེགས་པར་བརྩམས། བཞི་ནས་རྨང་གཞི་དང་རྩ་བ་བརྟན་བཟོ་བྱས་ཏེ། རྨང་གཞིའི་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་བསྣན། ལྔ་ནས་གསར་འཛུགས་དང་ངན་འདོར་བྱས་ཏེ། འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། དྲུག་ནས་མཐའ་ཚད་འགབ་སྐྱོར་དང་ཚད་གཞི་ཇེ་མཐོར་བཏང་ནས། དམངས་འཚོའི་བསོད་སྐལ་གོམ་ཁ་བརྟན་པོའི་ངང་གོང་དུ་སྤེལ་བ་བཅས་ཡིན། ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱེད་སྐབས་གཙོ་བོ་གཤམ་གྱི་དོན་ཚན་དགུའི་ནང་འདུས་པར་བྱས་ཡོད་དེ། གཅིག་ནས་སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་ཆེན་པོ་གསུམ་གྱི་ལས་དོན་བཟང་བོར་བསྒྲུབ་དགོས། གཉིས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གསུམ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། བཞི་ནས་ནུས་ལྡན་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དགོས། ལྔ་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ཤུགས་སྣོན་དགོས། དྲུག་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བདུན་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་བར་སྟོང་ཡངས་པོར་ཕྱེ་དགོས། བརྒྱད་ནས་དམངས་འཚོའི་བྱ་བར་འགན་སྲུང་དང་ལེགས་བཅོས་གཏོང་དགོས། དགུ་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

དམངས་ཆེན་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ། 


དམངས་ཆེན་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ།

དམངས་ཆེན་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ། 


སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་ཚར་མ་ཐག གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནས་ཐོན་པའི་དམངས་ཆེན་འཐུས་མི་བདེ་མཆོག་སྐྱིད་ལ་བཅར་འདྲི་བྱས་པ་ན། ཁོ་མོས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པའི་ནང་དོན་ཞིབ་ཅིང་ཕྲ་བ་ཟིན་ཐོར་བཀོད་ཡོད། མ་འོངས་པར་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་འདུག

གསར་འགོད་པས་དམངས་ཆེན་འཐུས་མི་བདེ་མཆོག་སྐྱིད་ལ་བཅར་འདྲི་བྱེད་བཞིན་པ། 


གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།

ལྟ་སྐུལ་བ། རྣ་བྷ། 


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།