སྤེལ་དུས།2019.01.27 ཡོང་ཁུངས།རང་རེའི་ལས་ཁུངས།
1252
0

ཉེ་བའི་ལོ་འདི་འགའི་རིང་། རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སློབ་གསོ་བཅོས་སྒྱུར་དང་སློབ་གསོ་འཕེལ་རྒྱས་ཐད་བགྲོ་གླེང་མང་པོ་བྱེད་ཀྱིན་འདུག འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་སློབ་སྔོན་སློབ་གསོ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ།  སློབ་ཆེན་སློབ་གསོ་སོགས་ཀྱི་མ་འོངས་འཕེལ་རྒྱས་ལ་མཛུབ་སྟོན་གང་ལེགས་གནང་གིན་ཡོད།  མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུའང་།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་།  སྤྱོད་གཙང་གི་མི་གཞི་བཟང་བོ་གསོ་སྐྱོང་བྱེད་པ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ལ་འབད་དེ། སྤུས་ཚད་མཐོ་བའི་སྒོ་ནས་སློབ་གསོ་དེང་རབས་ཅན་དུ་འཕེལ་བར་འབད་འབུངས་ཧུར་ཐག་བྱེད་དགོས་ཞེས་ཆེད་དུ་གདམས་ཡོད། གནས་ཚུལ་དེར་དམིགས་ནས། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཐོན་པའི་དམངས་ཆེན་འཐུས་མི་ཆོས་བཟང་སྒྲོལ་མ་ལ་བཅར་འདྲི་བྱེད་སྐབས་ཁོ་མོས་བཤད་རྒྱུར།

ང་ཡིན་ན་སློབ་གསོ་སྡེ་ཁག་ནས་ཐོན་པའི་འཐུས་མི་ཞིག་ཡིན། དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་རྒྱུ་ནི་གལ་ཆེན་ཞིག་རེད། དེ་རིང་ཧྲིན་ཀྲང་གིས་སློབ་གསོའི་ཕྱོགས་ནས་ཁ་བརྡ་མང་པོ་གནང་སོང་། རང་ཉིད་ལའང་མྱོང་བ་ཟབ་མོ་སྐྱེས། ང་ཚོའི་སློབ་གྲྭ་འདི་ཉིས་སྟོང་བཅུ་བཞི་ལོར་གསར་དུ་བཙུགས་ནས་ད་ལྟའི་བར་ལོ་བཞི་འགོར་ཡོད། ཐོག་མའི་ཆར་སློབ་མ་ཉེར་བཞི་མ་གཏོགས་མེད། དེང་སྐབས་སློབ་མ་གོ་བརྒྱད་ཡོད། སྔོན་ཆད་དགེ་རྒན་གསུམ་མ་གཏོགས་མེད། དེང་སྐབས་དགེ་རྒན་ཉེར་ལྔ་ཡོད། དེང་སྐབས་སློབ་གྲྭའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། སློབ་གྲྭ་འདིའི་ནང་ན་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་ནས་ཐོན་པའི་སློབ་མ་ཡོད། སློབ་མ་རྣམས་ལ་རིག་གནས་ཁྲིད་པའི་ཞོར་ནས་སྦྱོང་བརྡར་གྱི་ཕྱོགས་ལ་ཤུགས་རྒྱག་གི་ཡོད། དེ་མིན་ད་དུང་བྱིས་པ་རྣམས་ཀྱི་ཆེད་ལས་ལ་ཤུགས་རྒྱག་གི་ཡོད། ཆེད་ལས་གཙོ་བོར་རི་མོ་འབྲི་སྦྱོང་དང་བྲོ་གར་འཁྲབ་སྲོལ། བྱིས་པའི་དབང་བོ་ཉམས་པ་སྦྱོང་བརྡར་བྱེད་ཐབས་ལ་སྣ་ཁ་བརྒྱད་ཡོད། བྱིས་པ་སོ་སོའི་དབང་ཁམས་ཀྱི་ནད་མི་གཅིག་པས། དགེ་རྒན་རྣམས་ཀྱིས་དེའི་ཕྱོགས་ལ་དོ་སྣང་བྱེད་ཀྱིན་ཡོད། དགེ་རྒན་གྱི་ཆེད་ལས་ཕྱོགས་ནས་ཀྱང་དམིགས་བསལ་སློབ་གསོ་ཆེད་ལས་ཡིན་པའི་དགེ་རྒན་བཞི་ཡོད། དགེ་རྒན་འདི་ཚོས་དགེ་རྒན་གཞན་པ་རྣམས་ལ་ཆེད་ལས་ཁྲིད་བཞིན་ཡོད་པ་ལས་གཞན། ས་གནས་གཞན་ལ་སོང་ནས་དམིགས་བསལ་སློབ་གསོའི་སྐོར་གྱི་ཟབ་སྦྱོང་བྱས་ཏེ། དགེ་རྒན་རང་སྟེང་གི་ཆེད་ལས་ཆུ་ཚད་ཇེ་མཐོར་གཏོང་གིན་ཡོད་པས། དེས་བྱིས་པ་རྣམས་ལ་ཕན་ཆེན་པོ་ཐོགས་ཀྱིན་ཡོད། ཁྱིམ་བདག་རྣམས་ཀྱིས་ཀྱང་སློབ་གྲྭ་འདི་ལ་ཡིད་ཆེས་བྱེད་ཀྱིན་ཡོད། ཁྱིམ་བདག་ལ་ལས་སློབ་གྲྭ་འདི་ལྟ་བུ་ཞིག་ཡོད་མེད་ཀྱང་ཤེས་ཀྱི་མེད། བྱིས་པ་སློབ་གྲྭ་འདིའི་ནང་དུ་བཅུག་རྗེས། རིག་གནས་དང་དབང་བོ་ཉམས་པ་བསྐྱར་གསོ་བྱེད་ཀྱིན་པའི་གལ་ཆེན་རང་བཞིན་ཤེས་ཀྱིན་མེད།  ཁོ་ཚོའི་བསམ་པར་སློབ་གྲྭ་འདིས་ཟ་མ་ཙམ་ལྡུད་པ་དང་གྱོན་པ་ཙམ་གོན་པ་ལས་དོན་དག་གཞན་མེད་པར་འདོད་ཀྱིན་ཡོད། ཁོ་ཚོའི་སྣང་ངོར་སློབ་གྲྭ་འདི་ཕན་བདེ་གླིང་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དོན་དངོས་སུ་འདི་ནི་སློབ་གྲྭ་ཞིག་རེད། གནད་དོན་འདིའི་ཐད་ལ་ཁྱིམ་བདག་རྣམས་ཀྱིས་རྒྱུས་ལོན་དང་། སྲིད་གཞུང་གིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། བདེ་ཐང་མིན་པའི་བྱིས་པ་མང་པོས་སློབ་གསོ་མྱོང་ཐུབ་རྒྱུ་ནི་ང་རང་གི་རེ་བ་ཡིན་ཟེར།


གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།

ལྟ་སྐུལ་བ། རྣ་བྷ།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།