སྤེལ་དུས།2019.01.28 ཡོང་ཁུངས།རང་རེའི་ལས་ཁུངས།
343
0

ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དམིགས་བསལ་བ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་འགན་ཁུར་ཁྱོན་ཡོངས་ནས་ཧ་ཅང་ལྕི། བཅོས་སྒྱུར་འཕེལ་རྒྱས་ལ་ཕན་འབྲས་གསར་བ་ཐོབ་པར་བྱེད་པ་དང་། ལྔ་བཞི་འཐབ་ཇུས་སྔར་ལས་གཏིང་ཟབ་དུ་སྤེལ་བ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་འབད་པས་བསྒྲུབ་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ནི་ཐེངས་འདིའི་རང་ཞིང་གི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཙོ་བོ་རེད།

དེ་རིང་སྔ་དྲོར་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་གསར་འགྱུར་སྒྲོག་སྤེལ་བྱས། དེ་ལས་གསར་འགོད་པས་ལས་ཁུངས་གསུམ་གྱི2019ལོའི་བྱ་བའི་འཆར་གཞི་གཙོ་བོ་འགའ་ཕྱོགས་བསྡུས་བྱས་ཡོད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་གསར་འགྱུར་སྒྲོག་སྤེལ་མི་སྣ་ཧོའུ་ཕེང་ཉིང་གིས་བཅོས་སྒྱུར་བྱ་བ་དམ་པོར་འཛིན་དགོས་པའི་སྐོར་ནས་གཤམ་གྱི་ཕྱོགས་གསུམ་གཙོ་གནད་དུ་བཟུང་ནས་བཏོན་པ་ནི། གཅིག་ནས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དགོས། གཉིས་ནས་བཅོས་སྒྱུར་གྱི་གནད་ས་གཅིག་ཏུ་འདུ་བར་བྱེད་དགོས། གསུམ་ནས་བཅོས་སྒྱུར་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་པ་བཅས་རེད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་གསར་འགྱུར་སྒྲོག་སྤེལ་མི་སྣ་སི་ཝུན་ཞོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དམ་པོར་འཛིན་དགོས་པའི་སྐོར་ནས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དངོས་འབེབས་ནན་མོ་བྱས་ཏེ། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། ལྔ་བཞི་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་བཟང་བོར་བསྒྲུབ་པ། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་མཐར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་གྱ་ནོམ་པ་འབུལ་དགོས་ཟེར།

མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་སྒྲོག་སྤེལ་མི་སྣ་ལའོ་ཁྲེང་ཞའོ་ཡིས་མགོ་ལོག་ཁུལ་གྱི་དམངས་ཚིས་ལེགས་བཅོས་དང་དབུལ་ཐར་མཁྲེགས་གཏོར་ལས་དོན་དམ་པོར་འཛིན་དགོས་པའི་སྐོར་ནས་གཤམ་གྱི་ཕྱོགས་དྲུག་གཙོ་གནད་དུ་བཟུང་ནས་བཏོན་པ་ནི། གཅིག་ནས་ཡུལ་གཞན་གནས་སྤོར་གྱི་ཆེས་མཇུག་མཐའི་མཁྲེགས་གཏོར་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས། གཉིས་ནས་ཤུགས་ཆེན་པོས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་དགོས་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། གསུམ་ནས་བདེ་ཐང་དང་འཕྲོད་བསྟེན་ལས་དོན་མགྱོགས་མྱུར་ངང་སྤེལ་དགོས། བཞི་ནས་ཤུགས་ཆེན་པོས་རིག་གནས་དང་ལུས་རྩལ། རྒྱང་སྒྲོག་བཅས་ཀྱི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། ལྔ་ནས་ལས་ཞུགས་དང་ལས་སྐྲུན་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས། དྲུག་ནས་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་བཅས་རེད།  མགོ་ལོག་ཁུལ་གྱིས་ཉིས་སྟོང་བཅུ་དགུ་ལོར་རང་ཁུལ་གྱི་དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་རེ་གཉིས་དང་དབུལ་ཕོངས་སྡེ་བ་ཉེར་ལྔ་ཁྱོན་ཡོངས་ནས་དབུལ་ཐར་ཡོང་བར་འབད་དེ། རྫོང་ཡོངས་ཀྱི་དབུལ་ཐར་ཞྭ་མོ་ཕུད་རྒྱུར་འབད་འབུངས་བྱེད་རྒྱུ་རེད།

ཚོགས་ཞུགས་གསར་འགོད་པ། 

ཚོགས་ཞུགས་གསར་འགོད་པ། 

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།

ལྟ་སྐུལ་བ། རྣ་བྷ།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།