ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མི་རྣམས་ཀྱིས་མུ་མཐུད་དུ་ཚན་ཆུང་བགར་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་འཆར་གཞིའི་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་དམིགས་ནས་གྲོས་སྡུར་བྱས་ཤིང་། བཅོས་སྒྱུར་ལ་འཆར་འགོད་བྱེད་པ་དང་གསར་སྐྲུན་གླེང་བ། དམངས་ཚིས་གླེང་བ། འཕེལ་རྒྱས་ལ་བགྲོ་གླེང་བྱེད་པ་སོགས་ཀྱི་ཐད་ནས་རང་རང་གི་ལྟ་ཚུལ་བཤད།
འཐུས་མི་རྣམས་ཀྱིས་བལྟས་ན། སྙན་ཞུ་ལས་འགན་འཁྲི་འབུར་ཐོན་བྱས་ཡོད་པ་དང་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྙེག་རྒྱུན་མཐུད་དེ་མངོན་འགྱུར་བྱེད་པ་ཐེངས་འགའ་ལ་གླེང་ཡོད་པར་མ་ཟད། ངོ་བོའི་ཐོག་ནས་འགྱུར་ལྡོག་ཁ་ཤས་འབྱུང་བཞིན་ཡོད་པས་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔ་ན་མེད་པ་ཞིག་རེད། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་དང་ལྷག་པར་དུ་སྐྱེ་ཁམས་བདེ་འཇགས་ལྕགས་རི་འཛུགས་སྐྲུན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པ་སོགས་བྱ་བ་གཙོ་བོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པས། སྲིད་གཞུང་གི་འགན་འཁྲི་འབུར་ཐོན་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་དབུལ་སྐྱོར་གསར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་འགན་སྲུང་གི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཕར་གནས་དང་སྤུས་ཀ་ལེགས་པའི་འཚོ་བའི་རྒྱབ་རྟེན། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཤུགས་རྒྱག་ས་རུ་འགྱུར་བར་བྱས་པ་དང་། མི་དམངས་མང་ཚོགས་ཀྱིས་ཁས་ལེན་ཚད་དང་ཡིད་ཚིམས་ཚད་མཐོར་འདེགས་སུ་བཏང་ཡོད་པར་འདོད།
འཐུས་མི་ཚོས་བལྟས་ན། 2019ལོའི་བྱ་བའི་བཀོད་སྒྲིག་གི་བསམ་ཕྱོགས་གསལ་བོ་ཡིན་པ་དང་དམིགས་འབེན་གསལ་བོ་ཡིན་པ། བྱེད་ཐབས་གནད་དུ་འཁེལ་ཡོད་པས་ལག་བསྟར་བྱེད་ཆོག་པ་ཞིག་རེད། སྙན་ཞུ་ལས་བཀོད་སྒྲིག་བྱས་པའི་ཕྱོགས་དགུའི་ཐད་ཀྱི་བྱ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་ཞིབ་ཚགས་ཡིན་ལ། རིམ་པ་སོ་སོར་རེ་བ་དང་དམིགས་འབེན་ཡོད་པ་དང་། ཕྱོགས་སོ་སོར་དམ་འཛིན་བྱེད་ས་དང་སྟེགས་བུ་ཡོད་པས། དམིགས་འབེན་དང་འགན་ཁུར། བརྒྱུད་ལམ། བྱེད་ཐབས་བཅས་གཅིག་གྱུར་དམ་ཚགས་བྱས་ཡོད། སྙན་ཞུ་ལས་ད་རུང་དམིགས་བསལ་དུ་བསྟན་ཡོད་པ་ནི། ད་ལོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། གོམ་པ་རེ་རེ་བཞིན་དུ་མཚོ་སྔོན་གྱི་འཇུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་ཤིང་། ང་ཚོས་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ། དཀའ་ངལ་ཁྱད་སེལ། ཤེས་རྒྱ་ཆེར་བསྐྱེད་ཀྱིས་བྱང་ཚད་མཐོ་བའི་སྤྱི་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང། མུ་མཐུད་དུ་སྲིད་གཞུང་གི་སྲིད་འཛིན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་སེམས་བདེ་བ་དང་། མི་དམངས་མང་ཚོགས་ཡིད་ཚིམས་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་བསྐྲུན་དགོས་པར་འདོད།
འཐུས་མི་ཚོས་བསྟན་དོན། མཐའ་གཅིག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་བཀོད་སྒྲིག་ཡོད་པ་དང་དམངས་ཆེན་ལ་འགུལ་སྐྱོད་དང་རྗེས་བསྙེགས་ཡོད་པའི་རེ་བ་ལྟར། ཁྲིམས་འཛུགས་དང་ལྟ་སྐུལ། གྲོས་ཆོད། འཐུས་མི་སོགས་ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་བྱེད་པ་དང་། གོ་བ་ལེན་པ་དང་རྒྱབ་སྐྱོར་བྱེད་པ། སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་ཤུགས་བཏོན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དམིགས་འབེན་འགན་འཁྲི་སོ་སོ་དངོས་འབེབས་བྱས་ཏེ། གྲུབ་འབྲས་ལེགས་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་ཕུལ་ནས། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།