ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཨུ་ཡོན་བཅོ་ལྔས་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བ་གཙོ་བོར་དམིགས་ནས་ཞིང་སྡེ་དར་རྒྱས་དང་དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་སྲུང་སྐྱོབ། དམངས་གཉེར་ཁེ་ལས་འཕེལ་རྒྱས། དམངས་ཚིས་འགན་སྲུང་སོགས་ཁྱབ་ཁོངས་སུ་བློ་འདོན་ཇུས་འབུལ་བྱས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཏུའུ་ཏི་ཀྲི་ཡིས་གྲོས་ཚོགས་འགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་ལ་ཉན།
གྲོས་ཚོགས་སྟེང་། ཨུ་ཡོན་ཏུའུ་ཅིན་ཕིན་གྱིས་ཀྲུང་གོ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་ཞིང་སྡེ་དར་རྒྱས་ཀྱི་མི་འོངས་པ་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ལིས་ཅུན་ཆའོ་ཡིས་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་དྲ་རྒྱས་ཕྱིར་འཚོང་ཟས་རིགས་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཝང་ཅན་མིན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཆར་འགོད་དང་དོ་དམ་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཀྲང་ལིས་ཀྱིས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཀྲུང་བོད་ལུགས་སྨན་རྫས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ་མཐོ་སྒང་གི་ཆེས་ཆེ་བའི་སྐྱེ་ཁམས་རིན་ཐང་སྔོག་འདོན་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཝང་ཐུང་གིས་ཅིན་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ་བའི་སྐོར་གྱི་གྲོས་གཞི་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཞིས་ཆིན་གྱིས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྟོབས་ལྡན་དུ་བཏང་ནས་ཡིད་ཆེས་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཞུའུ་ཧའོ་ཡིས་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཧུའུ་ཏ་ཀྲུང་གིས་ཞིང་ཆེན་སྲིད་གྲོས་ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླ་དང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཨོ་མིན་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་འགྲེམ་སྟོན་ཚོགས་འདུར་བརྟེན་ནས་མཚོ་སྔོན་དང་ཁོངས་གཏོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཁྲིན་ཡུས་ཀྲུང་གིས་ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཚབ་བྱས་ཏེ་ཞིང་སྡེའི་རིག་གནས་རྟེན་གཞི་འཛུགས་སྐྲུན་དང་འཐུས་ཚང་ལེགས་བཅོས་གཏོང་བའི་སྐོར་གྱི་གྲོས་གཞི་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་སུའུ་ཧྥུའུ་པའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་ཀྱིས་བྱེ་སྣའི་བྱེ་འགོག་བྱེ་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཚའོ་ཞའོ་ཡིས་སྟོབས་ཤུགས་ཡོད་རྒུས་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ལིས་ཀོང་པིན་གྱིས་ནུས་ཡོད་སྒོས་གཞི་གྲངས་ཆེན་མོ་བེད་སྤྱོད་བྱས་ཏེ་གྲོང་ཁྱེར་གྱི་རླངས་འཁོར་སྡོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ། ཨུ་ཡོན་ཤར་ཚང་བསྟན་འཛིན་འཇིགས་མེད་ཀྱིས་ཆོས་ལུགས་རིག་གནས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གྲོས་གཞི་ཞེས་པའི་གཏམ་བཤད་སྤེལ།