སྤེལ་དུས།2019.01.29 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
29
0

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

མཚོ་བྱང་ཁུལ་གྱི་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསར་སྐྲུན་བྱེད་པ་དང་། ཆུའི་བདེ་འཇགས་འགན་སྲུང་མ་ལག་འཛུགས་པ། ཁུལ་ཁོངས་འཕེལ་རྒྱས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ཁོངས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་ནས་གཏམ་བཤད། ལིག་ཉིང་གིས་ཚང་མའི་གཏམ་བཤད་ལ་ཉན་ཞོར་དུ་ཟིན་བྲིས་འགོད་པ་དང་དུས་ངེས་མེད་དུ་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་མཚོ་བྱང་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་བྱང་ཁུལ་གྱིས་སྲིད་ཇུས་ཁྲོད་དུ་གོ་སྐབས་བཙལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཐོག་མར་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། བཟོ་ལས་ཀྱི་ཚུལ་སྒྱུར་རིམ་འཕར་འཕེལ་རྒྱས་སུ་གཏོང་བ་དང་དག་གཙང་ནུས་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པར་མ་ཟད། ཤུགས་ཆེན་པོས་ཁོངས་ཡོངས་ཀྱི་གནས་སྐོར་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་ཐོན་ལས་ཐོན་རྫས་གསར་སྐྲུན་བྱས་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་རྣམ་པ་སྒྱུར་བ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཡུལ་ཤུལ་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་སྐབས་ལིག་ཉིང་གིས་བཤད་རྒྱུར། ཡུལ་ཤུལ་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ས་མྱུར་དུ་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་རི་ཆུ་ནགས་གསུམ་དང་མཚེའུ་དང་རྩྭ་སའི་ཚེ་སྲོག་ཐུན་མོང་ཚོགས་པར་བརྟན་སྲུང་བྱེད་དགོས་ལ། མཛེས་པའི་མཚོ་སྔོན་དྲིལ་སྒྲོག་ནན་མོ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོར་ཚོན་མདངས་གསར་བ་སྣོན་དགོས་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།