བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དམིགས་ཏེ་མྱོང་ཚོར་བརྗོད་པ་དང་འཕེལ་རྒྱས་གླེང་བར་མ་ཟད་སྙན་ཞུའི་ལངས་གནས་མཐོ་ཞིང་བྱ་བར་སྤྱི་སྡོམ་བྱས་པ་ཆ་ཚང་ཡིན་ལ། དམིགས་འབེན་གྱི་གཏན་གནས་གསལ་བོ་ཡིན་པ་དང་བརྩོན་སེམས་ཆེར་བསྐྱེད་བྱེད་པའི་སྙན་ཞུ་ཞིག་རེད་ཅེས་བསྟན།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཞེ་ཁང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྗེས་རང་ཉིད་ལ་སྐུལ་མ་ཆེན་པོ་ཐེབས། སྙན་ཞུའི་ནང་ཉི་འོད་ནུས་པ་གསར་བཟོ་བྱེད་པ་སོགས་ཁྱབ་ཁོངས་སུ་འགྲན་རྩོད་ནུས་པ་ཆེ་བའི་གསར་སྐྲུན་རང་བཞིན་གྱི་ཁེ་ལས་གཙོ་བོ་སྐོར་ཞིག་གསོ་སྐྱོང་བྱེད་དགོས་ཞེས་བཏོན་ཡོད་པ་དེ་རང་ཞིང་གི་དོན་དངོས་དང་ཧ་ཅང་འཚམ་པས། འགྲན་རྩོད་ནུས་ཤུགས་ཆེ་བའི་ཚན་རྩལ་རང་བཞིན་གྱི་ཁེ་ལས་གཙོར་བཟུང་སྟེ་རོགས་སྐྱོར་བྱེད་པ་དང་ལྷག་པར་དུ་མཚོ་སྔོན་གྱི་ཁྱད་ཆོས་ཐོན་ཁུངས་ཁྱད་སྟོབས་ལྡན་པའི་ཐོན་ལས་དང་ཁེ་ལས་ལ་རོགས་སྐྱོར་བྱེད་དགོས་ཟེར།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁྲའོ་ཧྲི་ཧེ་ཡིས་བཤད་རྒྱུར། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་ནས་མཛེས་པའི་རེ་འདུན་མངོན་འགྱུར་བྱེད་ངེས་ཡིན་ཟེར།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱི་གཅིག་གྱུར་སྒོས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་ཟབ་ཅིང་སྤྱི་སྡོམ་བྱས་པ་ཆ་ཚང་བ་དང་གནད་ས་འབུར་དུ་ཐོན་ཡོད་ལ། གྲུབ་འབྲས་གླེང་བ་ངོ་མ་ཡིན་པ་དང་གནད་དོན་བརྗོད་པ་གནད་ལ་ཁེལ་ཡོད་པས། ཚང་མས་འབད་བརྩོན་ལྷོད་མེད་བྱེད་པའི་ཆོད་སེམས་བརྟན་ཞིང་དང་སྤོབས་པ་སྔར་ལས་ཇེ་ཆེར་གྱུར་བར་སྙམ།