སྤེལ་དུས།2019.01.30 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
30
0

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།  ཨུ་ཡོན་རྣམས་ཀྱིས་ལང་ལོང་གིས་གཏམ་བཤད།

ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་།  བྱ་བའི་སྙན་ཞུ་ཡིས་དོན་དངོས་དང་མཐུན་པའི་སྒོ་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་འདས་པའི་ལོ་གཅིག་རིང་གི་བྱ་བ་གཙོ་བོ་དང་བླངས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཡོད་པ་དང་།  ད་ལོའི་བྱ་བར་ཚན་རིག་ལྟར་བཀོད་སྒྲིག་བྱས་ཡོད་པར་འདོད།  ཨུ་ཡོན་རྣམས་ཀྱིས་བསྟན་དོན།   འདས་པའི་ལོ་གཅིག་གི་རིང་།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་།  དྲང་བདེན་ངང་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་།   འདྲི་གཅོད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་བྱེད་ནུས་བཟང་པོ་འདོན་སྤེལ་བྱས་པ་དང་།   ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པ་དང་།  ཞིབ་བཤེར་ལྟ་སྐུལ་གྱི་བྱེད་ནུས་དང་འགན་འཁྲི་གཅིག་བསྡུས་ཀྱིས་སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་སྤེལ་བྱས་པ་དང་།   ཁྲིམས་འཛིན་ཡིད་ཆེས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་ཞིབ་དཔྱོད་བྱ་བ་སོ་སོའི་ཐད་གྲུབ་འབྲས་གསར་པ་བླངས་ཡོད་ཟེར།

ཨུ་ཡོན་རྣམས་ཀྱིས་གྲོས་བསྡུར་བྱེད་སྐབས་སྤྱི་ཚོགས་ཀྱི་དྲང་བདེན་དང་དྲང་གཞག་ལ་སྲུང་སྐྱོབ་བྱེད་པ་དང་།   ལས་རིགས་ནག་ཉེས་སྔོན་འགོག་བྱེད་པ།   ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་གཅིག་བསྡུས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བློ་འདོན་ཇུས་འབུལ་བྱས།  ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་།  མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ།   འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས།  ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ།  དཀའ་སྤྱད་འབད་འཐབ་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལས་འགན་ལག་བསྟར་བཟང་བོ་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྔར་ལས་སྲུང་སྐྱོབ་བྱེད་པ་དང་།   སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་འགན་སྲུང་བྱེད་པ།  སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་སྤེལ་བྱེད་པ།  མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུའི་རེ་བ་བཅངས་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།