སྤེལ་དུས།2019.01.30 ཡོང་ཁུངས།
25
0

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ་བཅས་སོ་སོར་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ལ་ཞུགས་ཏེ། སྙན་ཞུ་སྣ་ཚོགས་ཐད་ནས་འཐུས་མི་རྣམས་དང་མཉམ་དུ་གྲོས་སྡུར་བྱས།

ཚང་མས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལ་གོ་བ་ཟབ་མོ་བླངས་པ་དང་། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་དམ་དུ་སྦྲེལ་ཏེ། རྒྱལ་ཡོངས་ལ་རྐང་བཙུགས་ནས་མཚོ་སྔོན་གྱི་བྱ་བར་ཇུས་འགོད་བྱས་ཡོད་པ་དེ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་རྒྱུན་འཛིན་བྱས་ཡོད། སྙན་ཞུ་ནི་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་མང་ཚོགས་ཀྱི་འདོད་བློ་དང་མཐུན་ལ། བདེན་འཚོལ་དངོས་གཉེར་ཡིན། གྲུབ་འབྲས་སྤྱི་སྡོམ་དང་གནད་དོན་དབྱེ་ཞིབ་ཚང་མར་སྦ་གསང་དང་ཕྱི་བཤོལ་ཅི་ཡང་མ་བྱས་པར་མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་ཁྱད་སྟོབས་སྦས་ཤུགས་དང་འབུར་ཐོན་དཀའ་ངལ་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་དང་གཙིགས་འཛིན་བཞིའི་ཐག་གཅོད་བྱེད་ཐབས་བཏོན་ཡོད་ལ། ལྔ་བཞི་འཐབ་ཇུས་ལག་བསྟར་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་སྐབས་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ། དངོས་འབེབས་བྱེད་ཐབས་བཅས་བཏོན་ཡོད་པར་མཚོ་སྔོན་གྱི་ཁྱད་ཆོས་གསལ་པོ་ལྡན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་པར་འདོད།

ཚང་མས་བལྟས་ན། ན་ནིང་གི་ཚུན་ལ། ཞིང་ཆེན་སྲིད་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུ་འཁོར་བའི་རིང་གི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་ཟབ་མོ་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱས་ཡོད། རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་སྣེ་ཁྲིད་ནས་བྱ་བའི་སྤྱོད་ཚུལ་བསྒྱུར་ལ། རྨང་གཞི་འདིང་བ་དང་ཞན་ཆ་གསབ་པ། ཡུན་རིང་ལ་དམིགས་པ་བཅས་ཀྱི་དོན་ཆེན་སྐོར་ཞིག་བསྒྲུབས་ཏེ། དམ་བཅས་པའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཚང་མ་ལག་བསྟར་བྱས་ཚར་བ་དང་། དམིགས་འབེན་དང་ལས་འགན་ཚང་མ་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་ཡོད། དེ་དང་མཉམ་དུ། བློ་སྤོབས་དང་བརྩོན་སེམས་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་དུ་བསྐྱོད་ནས། བྱ་བ་ཡོད་ཚད་དོན་འཁྱོལ་བྱས་པ་དང་། དོན་དག་རེ་རེ་ལེགས་པར་བསྒྲུབས་ཏེ། སྐབས་གསར་པའི་སྲིད་གཞུང་གི་སྣང་བརྙན་བཟང་པོ་མཚོན་པར་བྱས་ཡོད་ཟེར།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།