ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།
ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཝང་ཅན་ཅུན་དང་ལིག་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ། ཝང་ཞིག་ཧྥིན་བཅས་གདན་དྲངས་པ་ལྟར་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་གཉིས་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་ང་དྲུག་ཚོགས་ཐོག་ཏུ་འབྱོར་པས། གཏན་ཁེལ་གྱི་མི་གྲངས་དང་མཐུན།
རྡོ་རྗེ་རབ་བརྟན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་ཆེན་སྟེང་རིམ་པ་བཞིན་དུ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་གྱིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་བཀོད་སྒྲིག་དང་བླང་བྱ་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་སྤྱི་སྡོམ་ཆ་ཚང་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་བྱ་བར་བཀོད་སྒྲིག་བྱས་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་བསྟར་བྱེད་པ། མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ལ་དམ་དུ་དམིགས་ཏེ་གྲོས་མོལ་གྲོས་སྡུར་དང་སྲིད་གླེང་ཇུས་འབུལ་བྱས་ནས། བསམ་བློ་སྔར་ལས་གཅིག་གྱུར་དང་། ལྟ་བ་སྔར་ལས་གཅིག་སྡུད། ཡིད་ཆེས་སྔར་ལས་ཆེད་བསྐྱེད་བྱས་པས། འགོ་རྩོམ་ས་གསར་པའི་སྟེང་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་དང་གོང་སྤེལ་བྱེད་པར་བསམ་བློའི་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཚོགས་འདུའི་སྐབས་སུ་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་བཅངས་ནས་འགན་ནུས་ལག་བསྟར་བྱས་པ་དང་། ཚོགས་འདུའི་གོམས་སྲོལ་དང་སྒྲིག་ལམ་བརྟན་སྲུང་བྱས་ཏེ་སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་དང་གྲོས་སྡུར་ནན་མོ་བྱས་ཤིང་། སྲིད་གྲོས་ཀྱི་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད། ཚན་ཆུང་གི་གྲོས་སྡུར། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུ། ཚོགས་འདུའི་བསྡུས་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ། བསམ་གཞིགས་གྲོས་སྡུར་ཟབ་མོ་དང་བློ་འདོན་ཇུས་འབུལ་གང་ལེགས་བྱས་ནས། རྒྱུ་སྤུས་མཐོ་བའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་པ་དེས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་དུ་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱས་ཡོད། དེས་སྲིད་གྲོས་ཨུ་ཡོན་གྱིས་ཁྱོན་ཡོངས་བསམ་པ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་འགན་འཁྲི་ཁག་ཁུར་དང་། སྤོབས་པ་ཞུམ་མེད་དང་ཡར་བརྩོན་ལྷོད་མེད་ཀྱི་དུས་རབས་ཀྱི་རང་གཤིས་གསལ་པོར་མངོན་ཡོད་ལ། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གསོན་ཉམས་ལྡན་པར་མཚོན་ཡོད། ཚོགས་འདུ་བསྡུས་པ་ཧ་ཅང་ལེགས་འགྲུབ་ཡིན་ལ། དེ་ནི་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་སྐུལ་གྱི་ཚོགས་ཆེན་ཞིག་ཡིན་པ་དང་། བདེན་འཚོལ་དངོས་གཉེར་དང་གསར་སྤེལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན་ལ། སེམས་ཤུགས་གཅིག་སྒྲིལ་དང་བརྩོན་སེམས་ཡར་བསྐྱེད་ཀྱི་ཚོགས་ཆེན་ཞིག་རེད་ཟེར།
རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དངོས་འབེབས་བྱེད་ན། གནད་འགག་གི་ལག་ལེན་དུ་བསྟར་རྒྱུ་དང་དངོས་འབེབས་དམ་དུ་འཛིན་རྒྱུ་དེ་ཡིན། གཅིག ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་ནས་དངོས་འབེབས་དམ་འཛིན་ནན་མོ་བྱེད་དགོས། དུས་རྟག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་བྱས་ནས་གོ་བ་མཐིལ་ཕྱིན་ལེན་པའི་ཐད་འབད་བརྩོན་བྱས་ཏེ། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དེ་དངོས་སུ་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དངོས་འབེབས་བྱེད་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་ནུས་ལྡན་གྱི་འཁོར་སྐྱོད་བྱེད་པ་དང་གྲོས་མོལ་དམངས་གཙོའི་གོ་རིམ་བརྒྱུད་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་བསམ་བློའི་འདུ་ཤེས་སུ་བསྒྱུར་ཏེ། རྒྱུན་ཆད་མེད་པར་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་འཁྱོལ་བཅས་བྱེད་དགོས། གཉིས། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་དངོས་འབེབས་དམ་འཛིན་ནན་མོ་བྱེད་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་བྱེད་ནུས་ལེགས་པར་འདོན་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ལྟ་བ་སྔར་ལས་ཆེན་པོ་གྲུབ་པར་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་སྲིད་གྲོས་བྱ་བའི་ཐད་ཀྱི་བླང་བྱ་དངོས་སུ་དོན་འཁྱོལ་བྱེད་པ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱེད་པར་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། གསུམ། དཀྱིལ་སྙིང་ལ་དམིགས་ནས་དངོས་འབེབས་དམ་འཛིན་ནན་མོ་བྱེད་དགོས། ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དམངས་ཚིས་གནད་དོན་ལ་དམ་དུ་དམིགས་ནས། རྟོག་དཔྱོད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ལོ་གཅིག་གི་གྲོས་མོལ་གྱི་འཆར་གཞི་གཙོ་བོ་དངོས་འབེབས་ནན་མོ་བྱེད་པ། ཇུས་འབུལ་བློ་འདོན་དང་ལྟ་བ་གཅིག་སྡུད་ཕྱོགས་གཉིས་ནས་སྟོབས་ཤུགས་འདོན་པར་གཙིགས་འཛིན་བྱེད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས། བཞི། གསར་གཏོད་འཕེལ་རྒྱས་ལ་བརྟེན་ནས་དངོས་འབེབས་དམ་འཛིན་ནན་མོ་བྱེད་དགོས། མི་དམངས་སྲིད་གྲོས་ལམ་ལུགས་སྔར་ལས་ཆ་ཚང་འཐུས་ཚང་དུ་གཏོང་བ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་བཟང་པོར་འདོན་པའི་ཕྱོགས་གནས་གསར་པ་དང་འགན་འཁྲི་གསར་པ་འདི་ལ་དམ་དུ་དམིགས་ནས། ལག་ལེན་གྱི་གསར་གཏོད་དང་འཚོལ་ཞིབ་བྱེད་ཤུགས་བསྟུད་མར་ཇེ་ཆེར་གཏོང་བ་དང་། སྔར་ལས་ལྷག་པར་གྲོས་མོལ་མ་ལག་འཐུས་ཚང་དུ་འཛུགས་པ་དང་། གྲོས་མོལ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གྲོས་མོལ་ཐབས་ལམ་རྒྱ་བསྐྱེད་པ། གྲོས་མོལ་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱེད་དགོས། ལྔ། ནུས་པ་ཇེ་ཆེར་བཏང་ནས་དངོས་འབེབས་དམ་འཛིན་ནན་མོ་བྱེད་དགོས། འཐབ་ཕྱོགས་དང་པོ་བཞིའི་བླང་བྱ་གསར་པ་ལྟར། དུས་རྟག་ཏུ་འབད་འཐབ་པའི་རྣམ་འགྱུར་དང་ཁག་ཁུར་གྱིས་ལས་འགན་སྒྲུབ་ནས། ཆབ་སྲིད་དམ་འཛིན་གྱི་ནུས་པ་དང་རྟོག་དཔྱོད་ཞིབ་འཇུག་གི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ། མང་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། སྲིད་གྲོས་ལམ་ལུགས་ཀྱི་ཟབ་ཞུགས་པ་དང་ལག་ལེན་པ། སྐུལ་འདེད་པ་བཅས་ཀྱི་ཆབ་སྲིད་འགན་འཁྲི་དངོས་སུ་ཕྲག་ཏུ་བླངས་ནས། འབད་བརྩོན་ཆེན་པོས་སྲིད་གྲོས་ཀྱི་བྱ་བ་ཡར་བསྐྱར་ཆུ་ཚད་དང་རིམ་པ་མཐོན་པོར་བསླེབ་ཏུ་འཇུག་དགོས་ཟེར།
ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་པའི་འགོ་ཁྲིད་ལ་ད་དུང་། ཀྲང་ཀོང་རུང་དང་མཱ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧེ་ཁུན། ཁོང་ཡུང་། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཁྲིན་མེན་གོ། མིན་ཡུང་ཧྲན། གོ་ཅན་ཅུན་སོགས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།