བོད་ཇ་འདེབས་འཛུགས་ཀྱིས་མི་དམངས་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་ཞིག་ཏུ་བསྐྱོད་པར་བྱས།
2019.04.27 ཁུངས། ཀློག་གྲངས། 39

ལོ་ངོ་བདུན་བཅུར་སྟོབས་འབྱོར་རྒྱས། དུས་རབས་གསར་བར་འབད་པས་བསྐྱོད། 

པདྨ་རྫོང་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་ནི2015ལོར་བཙུགས་ཤིང་། རྒྱལ་གཉེར་ཁེ་ལས་ཀྱི་ཁོངས་སུ་གཏོགས་པ་ཡིན། ཀུང་ཟི་འདི་བཙུགས་པ་ནས་བཟུང་། བོད་ཇ་འདེབས་འཛུགས་དང་ཐོན་སྐྱེད། ལས་སྣོན་བཅས་ཀྱི་རྣམ་པའི་སྒོ་ནས། རྒྱལ་ཁབ་ཕྱི་ནང་ལ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། པདྨ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་ནས་ཐོན་ལས་དང་ས་ཁོངས། འཕེལ་རྒྱས་བཅས་ཀྱི་རྩ་དོན་ལྟར། ཤུགས་ཆེན་པོས་བོད་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ལམ་གཏན་འཁེལ་བྱས་ཤིང་། 2014ལོར་པདྨ་རྫོང་དྷི་མདའ་ཞང་གིས་མཚོ་སྔོན་གྱི་ལོ་རྒྱུས་ཐོག་ནས་ཐེངས་དང་པོར་གཞི་ཁྱོན་ཅན་གྱི་བོད་ཇ་མུའུ2500འདེབས་འཛུགས་བྱས་པ་ལེགས་འགྲུབ་བྱུང་བ་དང་། 2015ལོར་ཞིང་ཆེན་ནས“པདྨ་རྫོང་གི་བོད་ཇའི་འདེབས་འཛུགས་དང་ལས་སྣོན་དཔེ་སྟོན་རྟེན་གཞི་བཙུགས་ནས་མུ་མཐུད་དུ་འདེབས་འཛུགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་བྱེད་པའི”དམིགས་འབེན་གཏན་འཁེལ་བྱས། དེ་མིན་པདྨ་རྫོང་གི་རྨ་ཁོག་ནགས་ལས་ཁང་དང་མཉམ་འབྲེལ་གྱིས་བོད་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་ནས། 《པདྨ་རྫོང་གི་བོད་ཇའི་རྟེན་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2014-2020)》ལྟར། མུ་མཐུད་ནས་བོད་ཇའི་འདེབས་འཛུགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད། ཡར་ཐང་ཞང་དང་གསེར་ཐང་གྲོང་རྡལ། དྷི་མདའ་ཞང་བཅས་སུ་བོད་ཇ་རྒྱ་ཆེར་འདེབས་འཛུགས་བྱས་པས། རྨ་ཁོག་ལུང་བའི་འགྲམ་གཉིས་ཀྱི་སྤྱི་ལེ་བརྒྱ་ལྷག་གི་སར་བོད་ཇ་འདེབས་འཛུགས་ཀྱི་རྟེན་གཞི་གྲུབ། གཞན་ཡང་ཁོ་ཚོས་ལོ་འདིའི་གའི་རིང་ལ་རང་ས་གནས་ཁོ་ནར་ཡོད་པར་རང་བྱུང་གི་ཐོན་ཁུངས་བེད་སྤྱད་དེ། “ལྗང་མདོག་གི་པདྨ”འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་ཡིན་པའི་བོད་ཇ་སོགས་འདེབས་འཛུགས་བྱས་ཏེ། ཁོར་ཡུག་ལྗང་བསྒྱུར་དང་ས་གནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་མཚམས་མ་ཆད་པར་འབད་བརྩོན་བྱེད་བཞིན་མཆིས།

ཇ་སྡོང་འདེབས་འཛུགས་བྱེད་བཞིན་པ།

བཙུགས་ཟིན་པའི་ཇ་སྡོང་།

ཇ་སྡོང་འདེབས་འཛུགས་བྱེད་བཞིན་པ།

རྒྱུས་ལོན་བྱུང་བ་ལྟར་ན། པདྨ་རྫོང་གི་བོད་ཇ་ལ་མཚོ་སྔོང་ཞིང་ཀྱི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོགས་སྐབས་དང་པོའི་སྟེང་གསེར་གྱི་རྟགས་མ་ཐོབ་པ་དང་། ལས་སྣོན་བྱས་པའི་བོད་ཇ་སྤྱི་རྒྱ2000ལྷག་ཐོན་སྐྱེད་བྱས་པས། ཡོང་སྒོ་སྒོར་ས་ཡ་དྲུག་ལྷག་འཚོལ་པར་གྱུར་ལ། དེ་དང་མཉམ་དུ་གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་དང་དམ་དུ་སྦྲེལ་ཏེ། དབུལ་ཕོངས་ཁྱིམ་ཚང་མང་པོ་ཁེ་ལས་ཀྱི་ནང་དུ་ཟབ་ཞུགས་བྱེད་དུ་བཅུག་ནས། བོད་ཇ་འདེབས་འཛུགས་དང་ལས་སྣོན་གྱི་སོགས་བྱ་བ་བཀོད་སྒྲིག་བྱས་པས། དབུལ་ཕོངས་ཁྱིམ་ཚང200ལྷག་སྟེ། མི་གྲངས1000ལས་ལྷག་ལ་སྣེ་ཁྲིད་ནས། མི་རེའི་ཡོང་སྒོ་སྒོར3000ལྷག་སླེབས་པར་བྱས།

ལས་སྣོན་འཕྲུལ་ཆས།

བོད་ཇ། 

བོད་ཇ།

བོད་ཇ། 

དྷི་མདའ་ཞང་ཡོ་སྟག་སྡེ་བའི་སྡེ་མི་ལམ་ཕྲུག་གིས་བཤད་རྒྱུར། ང་ཚོས་ཇ་འདེབས་པའི་ལས་ཀ་འདི་ཉིས་སྟོང་བཅུ་བཞི་ལོར་མགོ་བརྩམས་པ་དང་། ལོ་འདི་གའི་རིང་ལ་ལོ་གཅིག་གི་ནང་ཉིན་བཅུ་གཉིས་ལ་ཇ་འདེབས་དགོས། དེ་ཡང་མི་གྲངས་བགོས་ཏེ་སྐོར་གཅིག་གིས་ཉིན་དྲུག་དང་སྐོར་གཞན་དེས་ཉིན་དྲུག་ལ་ཇ་འདེབས་དགོས། དེའི་རྒྱུ་མཚན་ནི་མགོ་ཁྲིད་དང་ལས་སྣེ་བ་དག་གིས་ཇ་འདེབས་སྐབས་ལས་མི་རྣམས་ཀྱི་ལས་ཀའི་རྣམ་འགྱུར་དང་སྤུས་ཚད་སོགས་ལ་ལྟ་དགོས་པས། གལ་ཏེ་མི་མང་དྲགས་ན་དེ་དག་བཀོད་སྒྲིག་དང་ལྟ་ཞིབ་བྱེད་པར་སྟབས་མི་བདེ་བའི་རྐྱེན་རེད། ཡང་ཡོང་སྒོའི་ཆ་ནས་བཤད་ན། མི་གཅིག་གིས་ཉིན་གཅིག་ལ་ཇ་སྡོང་ཉིས་བརྒྱ་ལྷག་འདེབས་འཛུགས་བྱ་ཐུབ་དང་།  ཇ་སྡོང་གཅིག་བཙུགས་ན་སྒོར་གཉིས་དང་ཟུར་ལྔ་ཡོད་པས། ཧ་ལམ་སྒོར་ལྔ་བརྒྱ་ལྷག་ཐོབ་ཐུབ། དེ་ལྟར་ཉིན་དྲུག་ཙམ་ལ་ཇ་འདེབས་འཛུགས་བྱས་ན། སྒོར་སྟོང་གསུམ་ལྷག་གི་ཡོང་སྒོ་འཚོལ་ཐུབ་ཟེར་ལ། སྔོན་ཆད་ལ་མཚོན་ན་ང་ཚོའི་སྡེ་བའི་ཡོང་སྒོའི་བརྟེན་ས་གཙོ་བོ་ནི་ཞིང་ལས་དང་འབྲོག་ལས་ཡིན་པ་དང་། དེ་མིན་དབྱར་རྩྭ་བརྐོས་ནས་ཡོང་སྒོ་ཁ་ཤས་འཚོལ་བཞིན་ཡོད། ད་སྐབས་སྲིད་གཞུང་གིས་ང་ཚོའི་སྡེ་བ་འདིར་ཁང་པ་གསར་འཛུགས་དང་ཞོར་ལས་ཀྱི་ཡོང་སྒོ་འཚོལ་ཐབས་སོགས་ཀྱི་ཐད་ནས་རོགས་རམ་དང་རྒྱབ་སྐྱོར་གང་མང་བྱེད་ཀྱི་ཡོད་པས། མི་དམངས་མང་ཚོགས་ཀྱིས་དེ་དང་བསྟུན་ནས་ནུས་ཤུགས་གང་ཡོད་བཏོན་ཏེ། ལས་ཀ་སྣ་མང་གི་ལག་རྩལ་སློབ་སྦྱོང་དང་རང་ཉིད་ཡར་རྒྱས་སུ་གཏོང་བཞིན་ཡོད་ལ། མ་འོངས་ན་སྡེ་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ད་ལྟ་ནང་བཞིན་ཇེ་མཐོ་ནས་ཇེ་མཐོར་ཕྱིན་ན། ང་ཚོའི་སྡེ་བ་འདི་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པ་ཁོ་ཐག་ཡིན་ཟེར།



གསར་འགོད་པ།    ཐུབ་བསྟན།