ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཁྲིམས་འགལ་མ་དངུལ་བསྡུ་ཉར་དང་བརྗེ་རེས་ས་ཁུལ་གཙང་བཤེར་ལེགས་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ནག་འཇོམས་ངན་སེལ་གྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་ནས་སྤེལ། ཉིན་དེར། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་དངུལ་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་བཞི་བཅུ་ལ་ཉེ་བ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་མཉམ་གཅིག་ཏུ་འཛོམས་ནས། རྒྱ་ཆེ་བའི་ཟི་ལིང་གྲོང་ཁྱེར་གྱི་མང་ཚོགས་རྣམས་ལ། ས་གནས་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་ལེགས་སྒྲིག་ཀྱི་གནད་ས་དང་འབྲེལ་ཡོད་ཁྲིམས་འགལ་མ་དངུལ་བསྡུ་ཉར་སྐོར་གྱི་དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་ངོ་སྤྲོད་བྱས་ནས། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་བསམ་ཤེས་ཀྱི་སྒོ་ནས་མ་དངུལ་གཏོང་བ་དང་ཁྲིམས་མཐུན་གྱི་སྒོ་ནས་རྒྱུ་ནོར་བདག་དམ་ཡོང་བར་འགན་ལེན་ཁག་ཐེག་བྱས།
ལོ་ཙཱ་བ། བན་དེ་སྐྱབས།