ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ལ་གཞོགས་འདེགས་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས།
2019.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་དྲུག་པའི་ཚེས་གསུམ་ཉིན། ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ལ་གཞོགས་འདེགས་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཐེངས་བཅོ་བརྒྱད་པས་མཚོ་སྔོན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་བྱ་བའི་སྐུལ་སློང་གྲོས་ཚོགས་བསྡུས་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་ཡོང་ནས་ཟི་ལིང་གི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་ཡིན་ཞིང་། ཟི་ལིང་གི་ཆབ་སྲིད་ལངས་གནས་དང་འཐབ་རྩོད་འདོད་བློ། བྱ་བའི་ཕན་འབྲས་བཅས་ལ་ཁྱོན་ཡོངས་ནས་ཚད་ལེན་བྱེད་རྒྱུ་རེད། དེ་ནི་ཟི་ལིང་གི་གནད་དོན་ལ་རྩད་ཞིབ་དང་ཞན་ཆ་དུས་ལྟར་གསབ་པ། བྱ་བ་ལེགས་བཅོས་བྱེད་པ་བཅས་ལ་ཚད་ལེན་བྱེད་པའི་གོ་སྐབས་ལེགས་པོ་ཞིག་རེད། ཚན་གཙོ་ཝུའུ་ཞུན་ཞང་གི་གཏམ་བཤད་ལངས་ཕྱོགས་མཐོ་ཞིང་བླང་བྱ་ནན་མོ་ཡིན་ལ། ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་རྣམ་འགྱུར་རྦད་ཆོད་དང་བསྟན་དོན་ཁ་ཕྱོགས་གསལ་བོ་རེད། ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་ཡི་གཏམ་བཤད་ཀྱི་བཀོད་སྒྲིག་ཞིབ་ཕྲ་དང་བླང་བྱ་བཏོན་པ་ཞིབ་ཕྲ་ཡིན་པས། ཟི་ལིང་གིས་ཚད་གཞི་མཐོན་པོའི་སྒོ་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་གང་ལེགས་བྱེད་རྒྱུ་དང་། སྤུད་ཚད་མཐོན་པོའི་སྒོ་ནས་ནག་འཇོམས་ངན་སེལ་བྱ་བའི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་མཛུབ་སྟོན་བྱེད་ནུས་གལ་ཆེན་ལྡན་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།