ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ནག་འཇོམས་ངན་སེལ་གྱི་སྲིད་ཇུས་ལག་ལེན་ལ་བཏབ།
2019.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱེད་ཆེད་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཆེད། ཉེ་ལམ། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་རྣམས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དངོས་སུ་ཞུགས་པ་དང་མིང་རྟགས་འགོད་པ། ནག་འཇོམས་ངན་སེལ་ལས་དོན་སྒྲུབ་རྒྱུ་ཁས་ལེན་པ་བཅས་ཀྱི་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་ཁྲོད་དུ། ཨུ་ཡོན་རྣམས་ཀྱིས་ཡུལ་དངོས་ནས་ནག་འཇོམས་ངན་སེལ་སྐོར་གྱི་ཤེས་བྱ་ཕྲན་བུར་སློབ་སྦྱོང་བྱས་ཏེ། མཁར་ཤར་ས་ཁུལ་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཡིག་ངོས་བརྟག་དཔྱད་རེའུ་མིག་བསྐངས་པར་མ་ཟད། ཨུ་ཡོན་ཡོངས་ཀྱིས་མཁར་ཤར་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྒྲུབ་རྒྱུའི་ཁས་ལེན་དམ་བཅའི་སྟེང་མིང་རྟགས་བཀོད། ཨུ་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་ལངས་གནས་ཇེ་མཐོར་གཏོད་རྒྱུ་དང་སྣེ་ཁྲིད་དེ་དྲིལ་སྒྲོག་སྐུལ་སློང་བྱེད་པ། སྣེ་ཁྲིད་དེ་ལྟ་སྐུལ་རོགས་རམ་བྱེད་པ། སྣེ་ཁྲིད་དེ་རྒྱབ་སྐྱོར་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་དམ་བཅས་ཏེ། ཨུ་ཡོན་རྣམས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བསྟན།

ལོ་ཙཱ་བ། བན་དེ་སྐྱབས།