མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གྱོད་གཞི་དཔེ་མཚོན་ཅན་བཞི་བསྒྲགས།
2019.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 188

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀུང་ཞའོ་ཀྲུང་གིས། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་རྩད་གཅོད་བྱས་བའི་གནས་ཚུལ་བསྒྲགས།

མཚམས་སྦྱོར་བྱས་པ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས། རང་རྟོགས་སྒོས་ཆབ་སྲིད་བརྩིས་པ་དང་སྤྱི་ཡོངས་བསམ་པའི་མཐོ་ཚད་ནས་འགྲེང་སྟེ་ཆབ་སྲིད་ཀྱི་འོས་འགན་ཆེན་པོ་འདི་ལ་ངོས་འཛིན་བྱས་པར་མ་ཟད། འགན་ནུས་འགན་འཁྲི་དངོས་ནས་རྐང་བཙུགས་ཏེ། རང་འཁྲིའི་ལས་དོན་ལ་བློ་དཀར་བ་དང་། ནག་འཇོམས་ངན་སེལ་དང་རུལ་སུངས་ལ་རྒོལ་བ། གཞི་རིམ་གྱི་སྐྱོན་ཆ་ཡོ་བསྲང་བྱེད་པ་བཅས་གཞི་གཅིག་ཏུ་སྦྲེལ་ནས། གུ་ཡངས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ནག་འཇོམས་ངན་སེལ་གྱི་ལས་སྒོ་གཏིང་ཟབ་དུ་སྤེལ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ། ནག་འདྲེས་ངན་འདྲེས་ཀྱི་རུལ་སུངས་དང་འགེབས་སྲུང་གི་གནད་དོན་སྐུད་སྣེ་བཞི་བརྒྱ་རེ་གཅིག་འབྱོར་ཞིང་། དེའི་ཁྲོད་ཀྱི་གྱོད་དོན་ཉིས་བརྒྱ་བཅུ་དགུ་ཐག་གཅོད་རྒྱུར་ལུས་ཡོད་ལ། གྱོད་དོན་བརྒྱ་དང་བཅུ་བདུན་ཐོ་རུ་བཀོད། གྱོད་དོན་བརྒྱ་དང་སོ་བརྒྱད་ཐག་བཅད་པས། དེས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དམངས་སྲོག་ཤིང་ཏུ་བཟུང་ནས། མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཀྱིན་པའི་ལངས་ཕྱོགས་གསར་བ་དང་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།