སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་ཀྱིས་གཞིས་ཁུལ་ནས་ནག་འཇོམས་ངན་སེལ་གྱི་ཁྱབ་བསྒྲགས་བྱ་འགུལ་སྤེལ།
2019.06.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་ཁང་ཏང་ཀྲི་པུའུ་ཡིས་ཟི་ལིང་གྲོང་ཁྱེར་བཅིངས་འགྲོལ་ལམ་གཞིས་ཁུལ་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ས་ཁུལ་དུ་སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཁྱབ་བསྒྲགས་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་བའི་རིང་། མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་སུའོ་ཡི་ལས་བྱེད་མི་སྣས་ཉེ་བའི་ལོ་ཤས་རིང་སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་སུ་བདག་སྤྲོད་བྱས་པའི་ཞུ་གཏུག་ཐེར་འདོན་དང་གྱོད་དོན་ཟུང་འབྲེལ་བྱས་ཏེ་གཞིས་ཁུལ་གྱི་མང་ཚོགས་ལ་སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་སུ་ཁྲིམས་འགལ་དང་ནག་ངན་སྟོབས་ཤུགས་ལ་འབྲེལ་བའི་གྱོད་དོན་ཇི་ལྟར་ཤེས་རྟོགས་བྱ་རྒྱུ་དང་། 12331གི་སྐུད་ལམ་བརྒྱུད་དེ་ཐེར་འདོན་ཞུ་གཏུག་ཇི་ལྟར་བྱ་རྒྱུ་སོགས་དྲིལ་བསྒྲགས་བྱས་པ་རེད། བྱ་འགུལ་སྤེལ་ཡུལ་དུ་ལས་བྱེད་མི་སྣས་མང་ཚོགས་ལ“ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ནག་འཇོམས་ངན་སེལ་ཐེར་འདོན་ཁ་པར”གྱི་དྲིལ་བསྒྲགས་ཚོན་ཤོག་དང་དྲིལ་བསྒྲགས་དངོས་པོ་ཉིས་བརྒྱ་ལྷག་ལྷག་ཙམ་འགྲེམ་གཏོང་བྱས་པ་མ་ཟད། ད་དུང་གཞིས་ཁུལ་གྱི་འཕྲིན་སྟེགས་སྒོ་སམ་སོགས་སུ་དྲིལ་བསྒྲགས་ཚོན་ཤོག་བརྒྱ་ལྷག་སྦྱར་བ་དང་། ཡུལ་དངོས་སུ་སྨན་རྫས་དང་ཟས་རིགས་ཁྱབ་ཁོངས་སུ་ནག་འཇོམས་ངན་སེལ་གྱི་ཐེར་འདོན་ཞུ་གཏུག་བདག་སྤྲོད་སྟེགས་བུ་བཙུགས་ནས་གཞིས་ཁུལ་གྱི་མི་ཐམས་ཅད་ཀྱིས་ཟས་རིགས་དང་སྨན་རྫས་ཁྲོད་གནས་པའི་གནད་དོན་དག་ཡར་ཞུ་བྱེད་པར་སྐུལ་སློང་དང་སྡོད་དམངས་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་འབོད་སྐུལ་བཏང་བ་རེད།

གཞིས་ཁུལ་གྱི་སྡོད་དམངས་ཀྱིས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་ནག་འཇོམས་ངན་སེལ་དང་འབྲེལ་བའི་ཤེས་བྱ་མང་པོ་དང་སྲིད་གཞུང་གིས་ནག་ཕྱོགས་སྟོབས་ཤུགས་མེད་པར་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ཆོད་སེམས་སོགས་མཐོང་བྱུང་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།