ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཚན་ཆུང་བགོས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་སྐུལ་མཛུབ་སྟོན་བྱ་བ་བསྒྲུབས།
2019.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཚན་ཆུང་བགོས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་སྐུལ་མཛུབ་སྟོན་བྱ་བ་བསྒྲུབས།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་ཆུང་བཞི་བ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས། ཚན་ཆུང་བཞི་བའི་ཚན་གཙོ་ཞིས་ཞོ་ཅིན་གྱིས་གྲོས་ཚོགས་སྟེང་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་མཚོ་བྱང་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

ཞིས་ཞོ་ཅིན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་སྟོན་ནི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་པའི་ལག་ཆ་ཡིན་ལ། དངོས་འབེབ་དོན་འཁྱོལ་བྱེད་པའི་གནད་འགག་ཀྱང་ཡིན། མཚོ་བྱང་ཁུལ་གྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་ཡང་དག་བླངས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ངོས་ཟིན་པ་དང་། གོ་གནས་གལ་ཆེན་དུ་བཞག་ནས། ལྟ་སྐུལ་མཛུབ་སྟོན་གྱིས་ཆབ་སྲིད་འགན་ཁུར་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་ལ་ཚུར་སྣང་ཡོད་པ། དཀའ་གནད་ཐག་གཅོད་བྱས་ཏེ། ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། བྱ་བའི་དམིགས་ཚད་ལྟར་འགན་འཁུར་གཙོ་བོ་གསལ་ཐག་ཆོད་པ་དང་། ཐབས་ལམ་དང་མཇུག་འབྲས་བཀོལ་སྤྱོད་བྱས་ནས། ཆེད་དོན་འཐབ་རྩོད་ཀྱི་བྱ་བ་དེ་ཇུས་ཆོད་བཀོད་སྒྲིག་སོ་སོའི་ཁྲོད་ཁྱབ་པར་བྱེད་དགོས་ཟེར།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་ཆུང་ལྔ་བ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས། ཚན་ཆུང་ལྔ་བའི་ཚན་གཙོ་ཞིས་ཅན་ཡོན་གྱིས་གྲོས་ཚོགས་སྟེང་གཏམ་བཤད། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆོ་ཞུའེ་ཀྲི་ཡིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཞིས་ཅན་ཡོན་གྱིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ནི་བློ་མཐུན་ཞི་ཅིནཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། རྨ་ལྷོ་ཁུལ་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས། ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ལ་ཤུགས་བསྣན་ནས། ལྟ་སྐུལ་མཛུབ་སྟོན་བྱ་བའི་གོ་གནས་འབུར་དུ་ཐོན་པར་བྱེད་པ་། ལྟ་སྐུལ་མཛུབ་སྟོན་གྱིས་ཆབ་སྲིད་འགན་ཁུར་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་ལ་ཚུར་སྣང་ཡོད་པ། དཀའ་གནད་ཐག་གཅོད་བཅས་བྱས་ཏེ། ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཟེར།