རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ།
2019.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་དེ་རེབ་གོང་ཐང་ཆེན་ནས་སྤེལ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་ཚན་ཁག་བཅོ་བརྒྱད་པའི་ཚན་ཆུང་ལྔ་བའི་ཚོགས་མི་དང་། རྨ་ལྷོ་ཁུལ་ཏང་ཨུ། ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་བྱ་འགུལ་ལ་ཞུགས།
               བྱ་འགུལ་ལས་རིག་རྩལ་འཁྲབ་སྟོན་དང་པར་རིས་འགྲེམ་པ། གཞུང་བཞེས་བྱས་པའི་མཚོན་ཆའི་དངོས་རྫས་ཁག་ཅིག་འགྲེམ་སྟོན་བྱས་པ་དང་། མང་ཚོགས་ལ་རྒྱུ་ཆ་མཁོ་སྤྲོད་བྱས་པ་མ་ཟད། གྱོད་གཞི་འགྲེལ་བཤད་བྱས་པ་དང་། འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དྲིལ་སྒྲོག་བྱས་ཤིང་། ཡུལ་དངོས་ནས་ཞིང་འབྲོག་མང་ཚོགས་ཀྱིས་འགྲེམ་སྟོན་ལ་བལྟས།
      ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གྲུབ་འབྲས་ལ་ལྟ་རུ་ཡོང་བའི་མང་ཚོགས་མང་ཤོས་ཤིག་གིས་བསྟན་དོན། དྲིལ་སྒྲོག་བྱ་འགུལ་བརྒྱུད་ནས་ནག་འཇོམས་ངན་སེལ་དང་འབྲེལ་བའི་གཞི་རྩའི་ཤེས་བྱར་རྒྱུས་ལོན་བྱེད་ཐུབ་པ་བྱུང་ལ། ཁྱད་པར་སྲིད་ཁྲིམས་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པའི་ནག་འཇོམས་ངན་སེལ་སྐོར་གྱི་བརྙན་རིས་བརྒྱུད་ནས། ཏང་ཨུ་དང་སྲིད་གཞུང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སེམས་གཏིང་ནས་ཚོར་བྱུང་བས། མང་ཚོགས་ཕལ་བ་ཞིག་ལ་མཚོན་ན། མ་འོངས་པར་ཧུར་ཐག་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་ནས། འཆམ་མཐུན་བདེ་འཇགས་ཀྱི་ཁྱིམ་གཞི་ཞིག་བསྐྲུན་པར་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།