ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་། བྱ་བའི་བྱེད་ཐབས་ཤུགས་དྲག་དང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཁྲིམས་ལྟར་གྱོད་གཞི་ཐག་གཅོད་དང་ཁྲིམས་ལྟར་འཛིན་བཟུང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནག་ངན་སྟོབས་ཤུགས་སྐོར་ཞིག་ཞུ་གཏུག་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས།
           ནག་ངན་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི་བདག་སྤྲོད་བྱེད་པའི་གོ་རིམ་ཁྲོད་དུ། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ཚོད་འཛིན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གྱོད་གཞི་གཅིག་ལ་བློ་འདོན་གཅིག་གི་རྣམ་པ་རྒྱུན་འཁྱོངས་བྱས་ནས། ནག་ངན་ལ་རྡུང་རྡེག་བྱེད་པ་དང་ཆད་ལྷག་མེད་པར་སྒྲིག་འཛུགས་བྱེད་པ་ཟུང་འབྲེལ་བྱས་ནས། ཧུར་ཐག་དང་རང་འགུལ་སྒོས་ཟབ་ཞུགས་དང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བར་འབད་པ་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་གཞི་རྒྱ་ཆེར་སྐྱེད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་གཞོགས་འདེགས་ཀྱི་ནུས་པ་བཏོན།
          རྒྱུས་ལོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་གྱི་གྱོད་དོན་བསྒྲུབས་པར་འབྲེལ་ནས་བསྡོམས་པས་ལས་ཁུངས་བདུན་ལ་ཞིབ་དཔྱོད་གྲོས་གཞི་བཏོན་པ་དང་། ཕྱིར་བརྡ་ལན་བདུན་འབྱོར་བས། ཞིབ་དཔྱོད་གྲོས་འདོན་གྱི་བཅའ་ཁྲིམས་ལྟ་སྐུལ་ནུས་པ་ཐོན་ནས། ཞིབ་དཔྱོད་གྲོས་འདོན་གྱི་ཁྱད་འཕགས་རང་བཞིན་མཐོར་འདེགས་བྱུང་ལ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་།
         ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཙན་ཁྲིན་ཧྥང་གིས་བསྟན་དོན། ཞིབ་དཔྱོད་གྲོས་འདོན་ནི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་པར་ཡར་སྐུལ་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་ཡར་སྐུལ་བྱས་ཏེ། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་སྒྲུབ་པའི་གོ་རིམ་ཁྲོད་དུ། ཁྲིམས་ལྟར་གྱོད་གཞི་སྒྲུབ་པར་འབྲེལ་ནས། འབྲེལ་ཡོད་ལས་ཁུངས་ལ་ལམ་ལུགས་ལེགས་སྒྱུར་བྱེད་པའི་གྲོས་གཞི་འདོན་པ་དང་། ནང་ཁུལ་གྱི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབ་ལག་བསྟར་ཡང་དག་བྱེད་པ་དང་། སྤྱི་ཚོགས་དོ་དམ་དང་ཞབས་ཞུ་འཐུས་ཚང་དུ་བཏང་ནས། ཁྲིམས་འགལ་ནག་ཉེས་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ། ཞིབ་དཔྱོད་གྲོས་འདོན་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་ནས། གྱོད་དོན་གྱི་རྒྱབ་ལྗོངས་སུ་ལྷག་པའི་གནད་དོན་གཏིང་ཟབ་སྒོས་དམ་འཛིན་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བར་ཞིབ་དཔྱོད་སྟོབས་ཤུགས་ཕུལ་ནས་བྱས་རྗེས་འཇོག་དགོས་ཟེར།