ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཚན་ཆུང་བགོས་ནས་ཡུལ་ཤུལ་དང་མགོ་ལོག་ཁུལ་ནས་ལྟ་སྐུལ་མཛུབ་སྟོན་བྱས།
2019.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 103

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཚན་ཆུང་བགོས་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྡད་ནས་ལྟ་སྐུལ་མཛུབ་སྟོན་བྱ་བ་བསྒྲུབས།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་གཞི་རིམ་དུ་འགྲོ་བའི་ཚན་ཆུང་གསུམ་པས་ཡུལ་ཤུལ་ཁུལ་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཡར་ཞུ་ཚོགས་འདུ་བསྡུས། ཚན་ཆུང་གསུམ་པའི་ཚན་གཙོ་ཀྲང་ཁི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཏི་ཅུན་གྱིས་ཡུལ་ཤུལ་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཀྲང་ཁི་ཡིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། ཡུལ་ཤུལ་ཁུལ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཁུལ་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་མཛུབ་སྟོན་མཐུན་སྦྱོར་འོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཡོད་ཟེར།

ཀྲང་ཁི་ཡིས་ནན་གྱིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་ནི་གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་པའི་ཐབས་མཆོག་ཡིན་ལ། དོན་འཁྱོལ་ལེགས་འཛིན་གྱི་གནད་འགག་གི་བྱེད་ཐབས་ཤིག་ཡིན། ཡུལ་ཤུལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆབ་སྲིད་ལངས་གནས་དངོས་སུ་མཐོ་རུ་བཏེགས་ནས། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆེད་དོན་འཐབ་རྩོད་བྱ་བ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ལག་ལེན་དངོས་དང་ཟུང་སྦྲེལ་གྱིས་ལག་བསྟར་དོན་འཁྱོལ་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། སྦྱོར་བའི་རང་སྟོབས་བཅས་ཇེ་དྲག་ཏུ་གཏོང་བ་དང་། མཛུབ་སྟོན་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས་འཛིན་པ། ལྟ་སྐུལ་མཛུབ་སྟོན་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་གསལ་པོར་བགོ་བ་དང་མི་དམངས་མང་ཚོགས་ཀྱི་རེ་འདོད་ལ་ལན་འདེབས་པ། དཀའ་ཚེགས་ཆེ་བའི་གནད་དོན་ཐགགཅོད་པ་བཅས་བྱས་ཏེ། ཆེད་དོན་འཐབ་རྩོད་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཟེར།

ཝུའུ་ཏི་ཅུན་གྱིས་ཏང་འཛུགས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། བསམ་བློའི་སྒུལ་སློང་ལེགས་འཛིན་བྱེད་པ། ཁྲིམས་ལྟར་རྡུང་རྡེག་ཆད་གཅོད་ནན་མོ་བྱེད་པ། བཅོས་སྐྱོང་གི་བཀག་རྒྱ་ཕྱོགས་ཡོངས་ནས་སེལ་བ། འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཕྱོགས་ལྔ་ནས་གནད་དོན་ཐེར་འདོན་དང་དེར་དབྱེ་ཞིབ་བྱས། ཁོས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གོ་སྐབས་སུ་བརྩིས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཀྱིས་ཆེད་དོན་འཐབ་རྩོད་དམ་འཛིན་བྱས་ཏེ། ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། ཏང་འཛུགས་ཀྱི་ཁར་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྣོན་པའི་ཡུལ་ཤུལ་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལག་ལེན་བཟང་པོ་དང་དོན་འཁྱོལ་བཟང་པོ་བྱེད་རྒྱུ་ཡིན་ཟེར།

ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་གཞི་རིམ་དུ་འགྲོ་བའི་ཚན་ཆུང་བཞི་པས་མགོ་ལོག་ཁུལ་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཡར་ཞུ་ཚོགས་འདུ་བསྡུས། ཚན་ཆུང་བཞི་པའི་ཚན་གཙོ་ཞུའུ་ཞའོ་ཅིང་སོགས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཞུའུ་ཞའོ་ཅིང་གིས་བསྟན་དོན། མགོ་ལོག་ཁུལ་གྱིས་ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས་པ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་མུ་མཐུད་དུ་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་གྲོས་དོན་ཉིན་རིམ་གལ་ཆེན་དུ་བརྩིས་ཏེ། ཆབ་སྲིད་ཀྱི་ལས་འགན་ལས་པོར་བགོ་བར་ལྟ་སྐུལ་མཛུབ་སྟོན་བྱས་ནས་དཀའ་ཚེགས་ཆེ་བའི་གནད་དོན་ཐག་གཅོད་པ་དང་། དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རེ་འདོད་ལ་ལན་བཏབ་སྟེ། ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། དམིགས་འབེན་དང་ལས་འགན་ལྟར་དུ། ལྟ་སྐུལ་མཛུབ་སྟོན་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། བྱ་བ་སྣ་ཚོགས་དོན་འཁྱོལ་བྱེད་དགོས་ཟེར།

ཝུའུ་ཡུས་ཀྲང་གིས་ཁུལ་ཡོངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཡར་ཞུ་བྱས་ལ། བསམ་བློའི་ངོས་འཛིན་དང་དྲིལ་སྒྲོག་སྐུལ་སློང་། ཁུངས་སྣེ་འཚོལ་བཤེར། གྱོད་དོན་ཞིབ་སྒྲུབ། ཕྱོགས་བསྡུས་བཅོས་སྐྱོང་། རྩ་འཛུགས་འགོ་ཁྲིད། གཞི་རིམ་འཛུགས་སྐྲུན་སོགས་ནས་གནད་དོན་ཐེར་འདོན་དང་དེར་དབྱེ་ཞིབ་བྱས་པར་མ་ཟད། མགོ་ལོག་ཁུལ་གྱིས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་དེ་ཕྱོགས་ཡོངས་ཀྱི་ཞིབ་བཤེར་དང་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་ལ་གཞོགས་འདེགས་ནན་མོ་བྱེད་པ། བྱ་བའི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱེད་པ། མཐུན་སྦྱོར་ཞབས་ཞུ་ལ་དངོས་སུ་འགན་སྲུང་བཅས་བྱེད་རྒྱུ་ཡིན། ལེགས་བཅོས་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་ནན་མོ་དང་གལ་ཆེན་དུ་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་གནད་དོན་ཡོངས་སུ་དང་ལེན་དང་མྱུར་དུ་བཅོས་སྒྱུར་བྱེད་རྒྱུ་ཡིན་ལ། ཐེངས་འདིའི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་དེ་གོ་སྐབས་སུ་བརྩིས་ནས། གནད་དོན་དང་མི་འདང་སར་དམིགས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ནག་འཇོམ་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།