རྩེ་ཁོག་རྫོང་གིས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་ཐད་ཤུགས་བསྣན།
2019.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་བར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རྩྭ་ས་དང་དཔལ་འབྱོར་དོ་དམ། ཞིང་ལས་འཕྲུལ་ཆས། ཕྱུགས་ནད་སྨན་བཅོས་ས་ཚིགས་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་གྲོང་རྡལ་དང་མཉམ་ལས་ཁང་སོ་སོར་སོང་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གནད་དོན་ཁུངས་སྣེ་འཚོལ་བཤེར་ཞིབ་མོ་བྱས་ཏེ། གཞི་རིམ་རོང་འབྲོག་ཕྱོགས་ནས་ནག་འཇོམས་ངན་སེལ་དྲིལ་སྒྲོག་གི་ཚ་རླབས་ཆེན་པོ་བསླངས།

ལས་ཁུངས་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས་དྲིལ་སྒྲོག་བྱས་པར་མ་ཟད། དྲིལ་སྒྲོག་དང་སྦྲེལ་ཏེ་རོང་འབྲོག་ཕྱོགས་སུ་ཐུན་མོང་ཐོན་དབང་བཅོས་སྒྱུར་ལམ་ལུགས་ཀྱི་ཐོན་ནོར་ཞིབ་རྩིས་བརྒྱུད་རིམ་ཁྲོད་དུ་ཞིང་སྡེའི་ཐོན་ཁུངས་སྒེར་སྡོམ་བྱེད་པ་དང་། ཞིང་སྡེའི་ཐུན་མོང་རྒྱུ་ནོར་ཧམ་བཟུང་བྱེད་པ། རོང་འབྲོག་ཕྱོགས་ཀྱི་ཐུན་མོང་ཐོན་དབང་ལ་བཀག་འགོག་བྱེད་པ་སོགས་ཀྱི་ནག་ངན་སྟོབས་ཤུགས་ཀྱི་གནས་ཚུལ་ཡོད་མེད་ལ་ཞིབ་བཤེར་བྱས་པ་དང་། རོང་འབྲོག་ཕྱོགས་ཀྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཁྲོད་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་གཏན་ཁེལ་བྱེད་སྐབས་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་བསྐྱལ་བའི་ནག་འབྲེལ་ངན་འབྲེལ་ཟིང་འབྲེལ་གྱི་དོན་རྐྱེན་ཡོད་མེད་ལ་ཞིབ་བཤེར་བྱས།

ཞིབ་བཤེར་དང་དྲིལ་སྒྲོག་བྱ་འགུལ་བརྒྱུད་དེ། རྩེ་ཁོག་རྫོང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཧུར་ཐག་གིས་ཞུགས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་པ་དང་། འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས།