མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གིས་ནག་ངན་སྟོབས་ཤུགས་ཀྱི་ནག་ཉེས་ལ་དངུལ་ཆད་གཅོད་ཚད་ཇེ་དྲག་ཏུ་བཏང་།
2019.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

གསར་འགོད་པས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་བསྡུས་པའི་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་ལྟར་ནག་ངན་སྟོབས་ཤུགས་ཀྱིས་ནག་ཉེས་བཟོ་བར་རྡུང་རྡེག་ཚབས་ཆེན་བཏང་བའི་དུས་མཚུངས་སུ། ཁྲིམས་ལྟར་བདའ་འདེད་བྱེད་པ་དང་རྒྱུ་དངོས་གཞུང་བཞེས་བྱེད་པ། དངུལ་ཆད་གཅོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནག་ངན་སྟོབས་ཤུགས་ཀྱི་ནག་ཉེས་ལ་དངུལ་ཆད་གཅོད་ཚད་ཇེ་དྲག་ཏུ་བཏང་ནས། མིག་སྔའི་བར་དུ། ཁྱོན་བསྡོམས་ནག་ངན་སྟོབས་ཤུགས་ལ་དངུལ་ཆད་བཅད་ཚད་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་གཉིས་ཁྲི་ལྔ་ལྷག་ལ་སླེབས།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་ལྟར་ནག་ངན་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ནག་ཉེས་བཟོས་པར་རྡུང་རྡེག་དྲག་པོ་བཏང་མཐར་དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་བླངས། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ནག་ཉེས་གྱོད་དོན་དོན་གཉིས་དང་གྱོད་དོན་དང་འབྲེལ་བའི་མི་དྲུག་བརྒྱ་བདག་སྤྲོད་བྱས་ལ། གྱོད་དོན་ང་དྲུག་དང་འབྲེལ་བའི་མི་དྲུག་བརྒྱའི་ཞིབ་གཅོད་མཇུག་སྒྲིལ། གྱོད་དོན་ཐག་བཅད་ཚད་བརྒྱ་ཆའི་དོན་བདུན་ལྷག་ལ་སླེབས། དེའི་ཁྲོད་འདྲི་གཅོད་རིམ་པ་དང་པོའི་གྱོད་དོན་ང་གཅིག་འབྱོར་ནས་འབྲེལ་ཡོད་མི་སྣ་བཞི་བརྒྱ་སོ་གཅིག་ཡོད་པ་དང་། གྱོད་དོན་ཞེ་གཅིག་མཇུག་སྒྲིལ་ནས་གྱོད་གཞི་དང་ཐད་ཀར་འབྲེལ་བའི་མི་སྣ་ཉིས་བརྒྱ་ཞེ་དྲུག་ཡོད། གྱོད་དོན་མཇུག་སྒྲིལ་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་སླེབས། འདྲི་གཅོད་རིམ་པ་གཉིས་པའི་གྱོད་དོན་ཉེར་གཅིག་འབྱོར་ནས་གྱོད་དོན་འདི་དང་འབྲེལ་བའི་མི་སྣ་བརྒྱ་དང་གོ་གཅིག་ཡོད་ལ། གྱོད་དོན་བཅོ་ལྔ་མཇུག་སྒྲིལ་ནས་གྱོད་དོན་དེ་དང་ཐད་ཀར་འབྲེལ་བའི་མི་སྣ་གོ་བདུན་ཡོད་ཅིང་། གྱོད་དོན་མཇུག་སྒྲིལ་ཚད་བརྒྱ་ཆའི་དོན་གཅིག་ཡན་ལ་སླེབས། དུས་མཚུངས་སུ། ནག་ངན་སྟོབས་ཤུགས་ཀྱི་ནག་ཉེས་ལ་རྡུང་རྡེག་ཚབས་ཆེན་བཏང་། འདྲི་གཅོད་རིམ་པ་དང་པོ་བརྒྱུད་རྗེས་ནག་ངན་སྟོབས་ཤུགས་ཅན་གྱི་ནག་ཉེས་གྱོད་དོན་སུམ་ཅུ་དང་དེ་འབྲེལ་གྱི་མི་སྣ་བརྒྱ་དང་གྱ་གཉིས་ཡོད་ཅིང་། ནག་འབྲེལ་གྱོད་དོན་གཅིག་དང་འབྲེལ་ཡོད་མི་སྣ་ཉེར་གསུམ་ཡོད། ཉེས་ཆད་ལྕི་མོ་བཅད་པའི་མི་བཅོ་བརྒྱད་ཡོད་ལ། ཉེས་ཆད་ལྕི་མོ་གཅོད་ཚད་བརྒྱ་ཆའི་དོན་བརྒྱད་ཡན་ལ་སླེབས། ངན་འབྲེལ་གྱོད་དོན་ཉེར་དགུ་རྩད་ཆོད་ཅིང་དེ་འབྲེལ་གྱི་མི་སྣ་བརྒྱ་དང་ང་དགུ་ཡོད་ཅིང་། མི་རེ་གསུམ་ལ་ཉེས་ཁྲིམས་ལྕི་མོ་བཅད་པ་དང་། ཉེས་ཁྲིམས་ལྕི་མོ་བཅད་ཚད་བརྒྱ་ཆའི་སོ་དགུ་ཡན་ལ་སླེབས། 

ལོ་ཙཱ་བ། བན་དེ་སྐྱབས།