ཉེ་ལམ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཁག་གིས་ཁྱོན་བསྡོམས་ནག་ངན་དང་འབྲེལ་བའི་ནག་ཉེས་བཟོ་མཁན་སུམ་བརྒྱ་སོ་གསུམ་འཛིན་བཟུང་བྱས་ཏེ། གཞུང་གཏུག་བྱས་པའི་མི་བཞི་བརྒྱ་དང་བརྒྱད་ཡོད་ཅིང་། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་བཅུ་གཅིག མི་བཅུ་ལ་རྗེས་འདེད་ཞུ་གཏུག་བྱས། དེའི་ཁྲོད་དུ་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ནས་ཟླ་དྲུག་པའི་ཚེས་བཅུ་ཉིན་བར་གྱི་ཉིན་བཅུ་བདུན་ནང་། ནག་ངན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་ཉེར་བཞི་འཛིན་བཟུང་བྱས་པ་དང་། མི་ཉེར་དྲུག་གཞུང་གཏུག་བྱས། མི་དྲུག་ལ་རྗེས་འདེད་ཞུ་གཏུག་བྱས། བསྡུས་ནས་ཡུན་རིང་མ་འགོར་བའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། གྱོད་དོན་འདྲ་མིན་སྣ་ཚོགས་ཡོངས་བསྒྲགས་བྱས་པ་ལས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ནག་ངན་སྟོབས་ཤུགས་ལ་རྡུང་རྡེག་ཚབས་ཆེན་གཏོང་རྒྱུ་ཡིན་པའི་ཆོད་སེམས་མངོན་པར་བསྟན་ཡོད།
ལོ་ཙཱ་བ། བན་དེ་སྐྱབས།