ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ།
2019.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་གསར་འགྱུར་སྨྱན་བྱེད་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཁྱབ་ཁོངས་ནས་ནག་འཇོམས་ངན་སེལ་སྤེལ་བ་ལས་བྱུང་བའི་གྲུབ་འབྲས་དང་གོང་འཕེལ་བྱུང་བའི་གནས་ཚུལ་བསྒྲགས།

མཚམས་སྦྱོར་བྱས་པ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཁྲིམས་འཛིན་ཐིན་མ་ལག་གིས་སྔ་གཞུག་ཏུ་ཆེད་དོན་གྲོས་ཚོགས་དང་སྐུལ་སྤེལ་གྲོས་ཚོགས་ཐེངས་དགུ་བཅུ་ལྷག་བསྡུས་ནས། དུས་ལྟར་ཞིབ་འཇུག་བརྡར་གཅོད་དང་གནས་བབ་མཐོ་བའི་སྒོ་ནས་ཆེད་དོན་འཐབ་རྩོད་ཟབ་སར་སྤེལ། ཆེད་དོན་འཐབ་རྩོད་ཀྱི་མཉམ་འབྲེལ་ས་གནས་ནས་ལྟ་སྐུལ་མཛུབ་སྟོན་ལམ་ལུགས་བཙུགས་ཏེ། ཐིན་དང་ཅུའུ་ཡི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་དུས་ལྟར་འབྲེལ་གཏུག་བྱེད་གནས་ནས་ལྟ་སྐུལ་མཛུབ་སྟོན་བྱ་འགུལ་ཐེངས་གོ་གསུམ་ལ་སྤེལ་ནས། རིམ་པ་རིམ་པ་བྱས་ཏེ་ཆེད་དོན་འཐབ་རྩོད་སྤེལ་བར་མ་ཟད། རིམ་པ་སོ་སོའི་འོས་འགན་སྔར་ལས་ཇེ་དྲག་ཏུ་བཏང་།

དུས་མཚུངས་སུ། ནག་ངན་དང་འབྲེལ་བའི་ལྟ་སྐུལ་དོ་དམ་གྱི་མི་སྣ་གཙོ་བོར་མཉམ་འཇོག་བྱས་ནས། ཁྱོན་ཡོངས་ནས་ནག་འཇོམས་ངན་སེལ་གྱི་བྱེད་སྒོ་གཉིས་པ་ཆེས་ཆེར་བསླངས་པར་མ་ཟད། གྱོད་དོན་གྱི་ཁུངས་སྣེ་རྩད་གཅོད་དང་ཉེས་སྐྱོན་ཐེར་འདོན་གྱི་ཆེད་དོན་བྱ་འགུལ་སྤེལ་བ་ལས་གཞན། ཁུངས་སྣེ་ཐེར་འདོན་གྱི་གཏུག་བཤེར་སྒམ་ཆུང་དང་གྱོད་དོན་གཏུག་བཤེར་བྱེད་མཁན་ལ་དགའ་རྟགས་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཉེས་སྐྱོན་ཐེར་འདོན་གྱི་བརྩོན་སེམས་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་།

ལོ་ཙཱ་བ། བན་དེ་སྐྱབས།