གཅན་ཚ་རྫོང་གིས་ནག་འཇོམས་ངན་སེལ་གྱི་སྐོར་ནས་དྲིལ་སྒྲོག་ཤུགས་ཆེན་བྱས།
2019.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཉེ་བའི་ཉིན་གཉིས་ཀྱི་རིང་ལ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་སྲང་ལམ་ཆེ་མ་ཆུང་གསུམ་དང་ཚོང་ཁང་གི་གྱང་ངོས། སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་ངོས་གང་སར་མཐོང་ཐུབ་པ་ནི། ནག་འཇོམས་ངན་སེལ་དང་འབྲེལ་བའི་དྲིལ་སྒྲོག་བརྡ་ཁྱབ་རེད། གཞུང་ལམ་འགྲམ་རྒྱུད་ཀྱི་བསྐྱོར་མའི་སྟེང་དུའང་ནག་འཇོམས་ངན་སེལ་གྱི་བརྡ་ཁྱབ་མཐོང་ཐུབ་པ་ལས་གཞན། ལས་ཁུངས་ཁག་གི་སྒོ་ངོས་ཀྱི་བརྙན་ཤེལ་སྟེང་དུའང་ནག་འཇོམས་ངན་སེལ་གྱི་བརྡ་ཁྱབ་རིམ་པར་འཆར་གྱིན་འདུག

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་དང་། ནག་འཇོམས་ངན་སེལ་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཆེ་རུ་བསྐྱེད་དེ། གཅན་ཚ་རྫོང་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་སོ་སོར་ཁྱབ་ཆེ་བའི་སྒོ་ནས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་གིས་ཁེབས་པར་བྱེད་པ་དང་ཤེས་རྟོགས་འབྱུང་བར་བྱེད་པ། ཤུགས་རྐྱེན་བཟོ་བ་བཅས་ཀྱི་ཆེད་དུ། གཙན་ཚ་རྫོང་གིས་དྲིལ་སྒྲོག་བརྒྱུད་ལམ་རྒྱ་བསྐྱེད་བྱས་ཏེ། སེམས་ཞིབ་མོས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་གང་སར་སྤེལ་བ་ལ་དམིགས་ནས། རྫོང་མངའ་ཁོངས་ཀྱི་སྲང་ལམ་གཙོ་བོ་དང་འགྲིམ་འགྲུལ་ས་ཚིགས། སློབ་སྟོན་ས་ཚིགས། མི་ཚོགས་འདུ་ས། གཞུང་ལམ་འགྲམ་རྒྱུད་སོགས་ཅུང་མཉམ་འཇོག་སར་ནག་འཇོམས་ངན་སེལ་གྱི་བརྡ་ཁྱབ་དང་འཕྲེད་དར། འབོད་ཚིག་བཅས་སྦྱར་ཏེ། དྲིལ་སྒྲོག་སྣེ་འདོམས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་།

དེ་ལས་ཀྱང་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ནི། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་འགྲིམ་འགྲུལ་སྒྲིག་ལམ་དམ་འཛིན་ལེགས་བཅོས་ཀྱི་གོ་སྐབས་དང་བསྟུན་ནས། སྲང་ལམ་ནས་ཚོང་ཁང་མི་བསྐྱུར་བ་དང་ཞང་ནས་སྡེ་བ་མི་བསྐྱུར་བ། སྡེ་བའི་ནང་ནས་ཁྱིམ་ཚང་མི་བསྐྱུར་བ་བཅས་ཀྱི་དམིགས་འབེན་གཞིར་བཟུང་སྟེ། མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་རེ་ལྔའི་ནང་གི་ཁྱིམ་ཚང་སོ་སོར་སོང་ནས། བརྡ་ཁྱབ་བསྒྲགས་པ་དང་འབོད་ཚིག་སྦྱར་བ། ཞུ་གཏུག་ཁ་པར་བསྒྲགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་མཐར། རྒྱ་ཆེ་བའི་མང་ཚོགས་ལ་ནག་འཇོམས་ངན་སེལ་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་གང་ལེགས་བྱས།

རྫོང་དྲིལ་སྒྲོག་སྡེ་ཁག་གིས་བརྙན་འཕྲིན་ཁང་དང་ཞིང་སྡེའི་འགྲིམ་འགྲུལ་རྒྱང་སྒྲོག་ས་ཚིགས། སྐད་འཕྲིན། འཕྲིན་ཕྲན་སོགས་ཀྱི་སྨྱན་བྱད་སྣ་མང་ལ་བརྟེན་ནས། བརྙན་རིས་དང་འདྲ་པར། ཡི་གེ་སོགས་ཕན་འབྲས་མཐོ་ལ་ལས་ཆོད་ཆེ་བའི་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ། དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་ལས་གཞན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ངང་གིས་གྲུབ་པར་བྱས།

ལོ་ཙཱ་བ། བན་དེ་སྐྱབས།