ཟི་ལིང་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་ཨུ་ཡོན་རྒྱ་བསྐྱེད་གྲོས་ཚོགས་དང་གྲོང་ཁྱེར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2019.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྒྱ་བསྐྱེད་གྲོས་ཚོགས་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་། ཟི་ལིང་གྲོང་ཁྱེར་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་བྱ་བའི་གཞོགས་འདེགས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་འགོ་ཁྲིད་ཚན་ཁག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་མཐུད་གྲོས་ཚོགས་གཉིས་ཀྱི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་མཐུད་གྲོས་ཚོགས་སྟེང་བསྟན་པའི་གནད་དོན་ལེགས་སྒྲིག་གི་ཇུས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།

 གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་ལྟ་སྐུལ་འཛུབ་སྟོན་ཚན་ཁག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟརའགན་འཁྲི་ཕྲག་ཏུ་ལེན་ཕོད་པ་དང་གཟབ་ནན་དང་ནན་ཏན་གྱི་ཆབ་སྲིད་རྣམ་འགྱུར་གྱིས་ཟི་ལིང་གྲོང་ཁྱེར་གྱི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཟེར།