མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལེགས་སྒྲིག་དངོས་འབེབས་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ།
2019.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བཏོན་པའི་བསམ་འཆར་ལ་མཐོང་ཆེན་བླ་ལྷག་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱ་བའི་ཕན་འབྲས་ལ་ཁག་ཐེག་བྱེད་ཆེད། ཟླ་དྲུག་པའི་ཚེས་བཅུ་ནས་ཚེས་བཅུ་བཞི་ཉིན་བར་དུ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ནག་འཇོམས་ངན་སེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ལྟ་སྐུལ་ཞིབ་བཤེར་ཚན་ཁག་ལྔ་ཆེད་དུ་ཟི་ལིང་དང་ཁུལ། གྲོང་ཁྱེར་གསུམ་གྱིས་ནག་འཇོམས་ངན་སེལ་བྱ་བ་སྤེལ་བར་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱེད་པ་ལ་ཆེད་མངགས་བྱས།

ལྟ་སྐུལ་ཞིབ་བཤེར་ཚན་ཁག་སྔ་གཞུག་ཏུ་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་སོགས་སུ་སོང་ནས། སྙན་ཞུར་ཉན་པ་དང་རྩིས་ཁྲར་བལྟས་པ། ཁ་བརྡ་བྱས་ཏེ་རྒྱུས་ལོན་བྱས་པ། མངོན་གསལ་དང་ལྐོག་ནས་འདྲི་རྩད་བྱས་པ་སོགས་ཀྱི་ཐབས་ལ་བརྟེན་ནས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ལྟ་སྐུལ་གཞུང་སྒྲུབ་ཁང་གཙོ་བོ། འགྲིམ་འགྲུལ་གཞུང་སྒྲུབ་ཁང་གི་ཁུངས་སྣེ་རྩད་བཅད་པའི་གནས་ཚུལ་སོགས་ལ་ཁ་གཏད་ནན་མོ་བྱས།

ལོ་ཙཱ་བ། བན་དེ་སྐྱབས།