བློན་ཆོས་ཞང་བློན་ཆོས་སྡེ་བས་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

 བློན་ཆོས་ཞང་བློན་ཆོས་སྡེ་བའི་ཐོན་ལས་དབུལ་སྐྱོར་ལ་སྔོན་དཔག་གི་ཕན་འབྲས་ཐོབ་ནས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཁས་ལེན་ཡང་དག་ཐོབ་ཡོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱུང་བ་མ་ཐག  ང་ཚོས་བློན་ཆོས་སྡེ་བའི་ཐོན་ལས་དབུལ་ཐར་གྱི་འགན་ལེན་ཞང་གཙོ་གཞོན་པ་གཡང་འབུམ་ལ་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར། ཐོན་ལས་དབུལ་སྐྱོར་གྱི་ཐད་ནས་བཤད་ན།  བློན་ཆོས་ཞང་བློན་ཆོས་སྡེ་བར་ཐོན་ལས་དབུལ་སྐྱོར་གྱི་ཁྱིམ་ཚང་བརྒྱ་དང་བཅོ་བརྒྱད་དང་མི་གྲངས་ལྔ་བརྒྱ་སོ་གཉིས་ཡོད།  

གསར་འགོད་པས་ཞང་གཙོ་གཞོན་པ་གཡང་འབུམ་ལ་བཅར་འདྲི་བྱེད་ཀྱིན་པ། 

ཐོན་ལས་དབུལ་སྐྱོར་གྱི་ལས་གཞི་འདི་ཉིས་སྟོང་བཅུ་བདུན་ལོ་ནས་ད་ལྟ་ལ་ཐུག་གི་བར་དུ་ལག་བསྟར་བྱས་པ་དང་། ཁྱིམ་རེའི་མི་རེར་ཆ་སྙོམས་མ་དངུལ་སྒོར་སྟོང་དྲུག་དང་བཞི་བརྒྱ་བྱིན་ནས་ནོར་ལུག་གསོ་སྤེལ་དང་ཚོང་ཁང་འབྱེད་པ། འཕྲུལ་རྟ་ཞིག་གསོ་སོགས་ཐོན་ལས་གོང་དུ་འཕེལ་བར་རོགས་སྐྱོར་བྱས། མིག་སྔར་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི་ཚང་མ་དོན་འཁྱོལ་བྱས་ཟིན་པ་དང་། ལོ་རེར་ཐོན་ལས་དབུལ་སྐྱོར་གྱི་ལས་གཞིས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་བརྒྱད་བརྒྱ་ལས་བརྒལ་ཙམ་བསྐྲུན་ཡོད་པས། དབུལ་ཐར་གྱི་ལས་གཞི་འདིས་སྡེ་བ་འདི་ལ་དབུལ་ཐར་འབྱུང་བར་དངོས་ཤུགས་བརྒྱུད་གསུམ་ནས་བྱས་རྗེས་བཞག་ཡོད།  འདིར་དཔེ་མཚོན་ཁྱིམ་ཚང་ཞིག་བཤད་ན། ངེད་ཚོའི་སྡེ་བའི་ནང་ན་སྡེ་མི་གཡང་འབུམ་ཟེར་བ་ཞིག་ཡོད། ངེད་ཅག་དེའི་སར་སོང་ནས་རྒྱུས་ལོན་ཞིག་བྱས་པ་ཡིན་ན། ཐོན་ལས་དབུལ་སྐྱོར་ལས་བསྐྱེད་པའི་ཕན་འབྲས་ལ་རྒྱུས་ལོན་ཞིབ་ཙམ་བྱེད་ཐུབཟེར།


གསར་འགོད་པས་སྡེ་མི་ལྕགས་འབུམ་ལ་བཅར་འདྲི་བྱེད་ཀྱིན་པ།

ངེད་ཅག་སྡེ་མི་གཡང་འབུམ་ཚང་དུ་སོང་ནས་རྒྱུས་ལོན་བྱས་པ་ན་ཁོས་བཤད་རྒྱུར། སྔོན་ཆད་ལྟ་བུར་མཚོན་ན་ངེད་ཚང་ལ་རྒྱུ་འབྱོར་ཅི་ཡང་མེད་པའི་དབང་གིས། ང་རང་ཉིད་མགོ་ལོག་སོགས་ལ་སོང་ནས་གཞན་གྱི་ཕྱུགས་རྫི་བྱས་ཏེ་འཚོ་བ་འཁྱོལ་ཐབས་བྱས་པ་ཡིན། དེའི་རྗེས་ནས་ངེད་ཚང་དབུལ་སྐྱོར་ཁྱིམ་ཚང་གི་ནང་དུ་བཞག་ནས་མི་རེར་མ་དངུལ་སྒོར་སྟོང་དྲུག་དང་བཞི་བརྒྱ་བྱིན་པ་རེད། ངེད་ཚང་ལ་བཟའ་མི་བདུན་ཡོད་ཅིང་། བཟའ་མི་ཚང་མའི་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་ཚང་མ་གཅིག་ཏུ་བསྡོམས་ནས་སྒོར་མོ་དེས་ལུག་དྲུག་ཅུ་ལྷག་ཉོས་ནས་སྒོ་ཕྱུགས་གསོ་སྤེལ་བྱས་ཤིང་། ད་ལྟ་ལུག་བརྒྱ་དང་བཞི་བཅུ་ལྷག་ལ་འཕེལ་ཡོད།  

རྒྱལ་ཁབ་ཀྱིས་འགྲོ་གྲོན་ཆ་ཚང་བཏང་ནས་བསྐྲུན་པའི་སྡེ་མི་ལྕགས་འབུམ་ཚང་གི་སྡོད་ཁང་།

ཁ་སང་དེ་རིང་ང་ལྟ་བུར་མཚོན་ན། རྒྱལ་ཁབ་ཀྱི་དྲིན་ལ་དབུལ་ཕོངས་ཀྱི་མེད་མུག་མ་ཐེག་པའི་དབང་གིས་ཡུལ་ཕྱོགས་གཞན་ལ་གླ་རྒྱག་གི་འགྲོ་མི་དགོས་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱིས་མགོ་ཁང་བ་བསྐྲུན། སྒོ་ཁར་ཕྱུགས་བསྐྱིལ་བས། ད་ལྟ་ང་ཧ་ཅང་སྐྱིད་པོ་རེད། དཀའ་ངལ་སོགས་ཅི་ཡང་མེད་གི  འདི་དག་ཡོད་ཚད་རྒྱལ་ཁབ་ཀྱི་བཀའ་དྲིན་རེད། དེ་ངས་ཤེས་ཡོད། ངའི་སེམས་ལ་ཉར་ཡོད། དེ་ལས་གཞན་ད་དུང་ངའི་བུ་གཅིག་མ་མཐའི་འཚོ་བའི་འགན་སྲུང་གི་ལས་གཞིའི་ནང་བཞག་ཡོད་ཅིང་། ཁོར་ཟླ་རེར་སྒོར་སྟོང་གཅིག་ལྷག་སྟེར་གྱིན་ཡོད་པ་དང་། ཡང་ངའི་བུ་གཞན་ཞིག་ཁོར་སྲུང་བའི་ནང་དུ་བཞག་ཡོད་ལ། ཁོ་ལ་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་སྟེར་གྱིན་ཡོདཟེར།

སྡེ་མི་ལྕགས་འབུམ་ཚང་གི་ཁང་བའི་ནང་གི་བཟོ་བཀོད། 

སྡེ་མི་ལྕགས་འབུམ་ཚང་གི་ལུག་ཁྱུ། 


གསར་འགོད་པ་ཨ་བརྟན་རྒྱལ་དང་བན་དེ་སྐྱབས། 

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།