མཚོ་བྱང་ཁུལ་གྱིས2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ལ་རྒྱབ་སྐྱོར་བླ་མེད་བྱས།
2019.08.06 ཁུངས། ཀློག་གྲངས། 990

        བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མགོ་ཁྲིད་འོག རིག་གནས་ནི་མི་རིགས་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བསམ་བློའི་ཁྱིམ་གཞི་ཡིན་པར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་པོའི་སྟོབས་ཤུགས་ཇེ་རྒྱས་སུ་གཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ལས་གཞི་ལ་མཛུབ་སྟོན་དང་དགོངས་པ་གལ་ཆེན་ལག་བསྟར་བྱས་པས།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་སྔར་བས་ཤུགས་ཆེར་བཏོན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་དང་དར་སྤེལ་ཐད་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བླ་མེད་བྱས་ཡོད་ཅིང་། རང་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ཐད་ལ་དུས་དང་རྣམ་པ་ཀུན་ཏུ་སྟོབས་ཤུགས་ཕུལ་དང་འབུལ་བཞིན་ཡོད།

མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་། དམངས་ཁྲོད་ཕུལ་བྱུང་རིག་གནས་རྒྱུད་འཛིན་གོང་སྤེལ། གཟུགས་འདས་ཤུལ་བཞག་རིག་གནས་ཨ་མདོའི་ལ་གཞས་སྲུང་སྐྱོབ་དང་དར་སྤེལ་གཏོང་ཆེད། ཐེངས་འདིའི་2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དུ་ཚོགས་པར། བྱེད་སྒོ་ཆེན་མོ་འདིར་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་སྣེ་ཁྲིད་ནས་རྒྱབ་སྐྱོར་བླ་མེད་བྱས་ཤིང་། འབྲེལ་ཡོད་ཀྱི་ལས་ཁུངས་སོ་སོ་རྩ་འཛུགས་བྱས་ཏེ་བྱེད་སྒོ་དོན་འཁྱོལ་ཡོང་བར་རམ་འདེགས་བྱས། ཐེངས་འདིའི་བྱེད་སྒོར་རྒྱབ་སྐྱོར་ཚད་མེད་བྱས་པའི་འབྲེལ་ཡོད་ལས་ཁུངས་དག་ནི། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་བྱང་ཁུལ་སྤྱི་བདེ་ཅུའུ། ཧེ་ཡན་རྫོང་སྤྱི་བདེ་ཅུའུ། མཚོ་བྱང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་། མཚོ་བྱང་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། ཧེ་ཡན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཁུལ་བརྙན་འཕྲིན་ཁང་། ཧེ་ཡན་རྫོང་གློག་འདོན་ཀུང་ཟི། ཀྲུང་གོ་སྤོ་འགུལ་མཚོ་བྱང་ཡན་ལག་ཀུང་ཟི་བཅས་ཡིན།