2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ཀྱི་བྱེད་སྒོ་ཆེན་མོ་མཚོ་བྱང་ནུབ་མཚོ་གྲོང་རྡལ་ནས་མཇུག་བསྡུས།
2019.08.07 ཁུངས། ཀློག་གྲངས། 2209

སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན། ཀྲུང་གུང་མཚོ་བྱང་ཏང་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་འགན་སྒྲུབ་གནང་སྟེ། མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་ཚོགས་སུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱ་བའི་ཝང་ལོ་པིན་རོལ་མོ་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པའི་བྱེད་སྒོའི་གྲས2019ལོའི་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ཀྱི་བྱེད་སྒོ་ཆེན་མོ་ལེགས་པར་གྲུབ་ནས་གཟབ་རྒྱས་ངང་མཇུག་བསྡུས།

 མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ།  མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའུ་པུའུ་ཀྲང་ཁྲིན་ཏུང་ཁྲང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུང་ཧྥུའུ་ཁོས། མཚོ་བྱང་ཁུལ་སྲིད་གྲོས་ཀྲུའུ་ཞི་མཱ་ལིས་བིན' མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ལས། སྒྲིག་ཨུའི་ཧྲུའུ་ཅི་ཝང་ཡན་ཆི། མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ལས། དྲུང་ཡིག་ཆེན་མོ། ཁུལ་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ལི་ཅོན་ཞང་། མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ལས། དྲིལ་སྒྲོག་པུའུ་པུའུ་ཀྲང་། བཟོ་ཚོགས་སྤྱིའི་ཀྲུའུ་ཞི་ཝང་ཡུང་ཁྲང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་ཁུལ་དཔོན་གཞོན་པ་ལིག་པོ་ཁྲོན། མཚོ་བྱང་ཁུལ་ཏང་ཨུའི་རྒྱུན་ལས། ཁུལ་མི་དམངས་སྲིད་གཞུང་ཁུལ་དཔོན་གཞོན་པ་ཀྲའོ་ཆིན་ཕིན། མཚོ་བྱང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲང་ཙུང་ཧྲིན། མཚོ་བྱང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚུང་ཅེ། མཚོ་བྱང་ཁུལ་ཁྲིམས་ཁང་གི་མགོ་གཙོ་ཧན་ཀྲུང་དབྱི་སོགས་མགོ་ཁྲིད་དག་མཇུག་བསྡུ་བའི་མཛད་སྒོའི་སྟེང་ཞུགས་ལ། དེ་མིན་འགན་སྒྲུབ་ལས་ཁུངས་མཚོ་སྔོན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་བསམ་ཁོ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ལྷ་བརྟན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བྱམས་པ་བཀྲ་ཤིས་བཅས་ཀྱང་མཇུག་བསྡུ་བའི་མཛད་སྒོའི་སྟེང་ཞུགས།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ། (དཀྱིལ)

མཇུག་བསྡུའི་མཛད་སྒོའི་སྟེང་ཕེབས་པའི་མགོ་ཁྲིད་ལྷན་རྒྱས།


མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཐེངས་འདིའི་ལ་གཞས་ཆེད་ཚོགས་སྟེང་ཞུགས་པའི་གླུ་བ་གླུ་མ་རྣམས་ལ་མཚན་སྙན་གཟེངས་རྟགས་གནང་།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཐེངས་འདིའི་ལ་གཞས་ཆེད་ཚོགས་སྟེང་ཞུགས་པའི་གླུ་བ་གླུ་མ་རྣམས་ལ་མཚན་སྙན་གཟེངས་རྟགས་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཐེངས་འདིའི་ལ་གཞས་ཆེད་ཚོགས་སྟེང་ཞུགས་པའི་གླུ་བ་གླུ་མ་རྣམས་ལ་མཚན་སྙན་གཟེངས་རྟགས་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ཐེངས་འདིའི་ལ་གཞས་ཆེད་ཚོགས་སྟེང་ཞུགས་པའི་གླུ་བ་གླུ་མ་རྣམས་ལ་མཚན་སྙན་གཟེངས་རྟགས་གནང་བཞིན་པ།


ལ་གཞས་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྣ་མང་གྲས་ཀྱི་གཅིག་ཡིན་ལ། བོད་མི་རིགས་ཀྱི་འཚོ་བ་དངོས་མ་གླུ་རུ་བླངས་པའི་སྲོལ་རྒྱུན་གྱི་ངག་རིག་སྒྱུ་རྩལ་ཞིག་ཡིན་ཞིང་། འཚོ་བའི་སྐྱིད་སྡུག་གི་གོ་རིམ་ཁྲོད། སེམས་བསམ་པའི་བློ་ལ་བྱུང་བ་བློ་གྲོས་རྩལ་དང་། ངག་ཐོག་རྩལ་གྱིས་རྣམ་པར་བརྒྱན་ཏེ་བྱུང་བས། གླུ་ཚིག་རེ་རེར་ཡང་འཚོ་བ་དངོས་མ་དེ་བྲིས་ཡོད་པ་དང་། བྲིས་པ་དེ་ལའང་སྐྱིད་སྡུག་གཉི་གའི་རང་མདངས་རབ་ཏུ་མངོན་ལ། རང་ཅག་བོད་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་གསལ་ལེར་རྗེན་ནེ་མཚོན་ཐུབ་པས། བོད་མི་རིགས་ཧ་ཅང་དགའ་བའི་སྲོལ་རྒྱུན་རིག་གནས་ཤིག་རེད།

    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་གི་མགོ་ཁྲིད་འོག རིག་གནས་ནི་མི་རིགས་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བསམ་བློའི་རྟེན་གཞི་ཡིན་པར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་པོའི་སྟོབས་ཤུགས་ཇེ་རྒྱས་སུ་གཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོ་འདུན་མ་མངོན་འགྱུར་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱ་བའི་བྱ་གཞག་ཆེན་མོ་སྤེལ་བཞིན་ཡོད། ཐེངས་འདིའི2019ལོའི་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་འདི་ཡང་། རྒྱལ་ཁབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱ་བ་གཞིར་བཟུང་ནས་སྤེལ་བ་ཡིན་ལ། འདི་ཉིད་སྤེལ་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གྲས་ཀྱི་ལ་གཞས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་བྱེད་པར་ཤུགས་བཏོན་པ་རེད། 

ཐེངས་འདིར་ཞུགས་པའི་མིང་གྲགས་ཅན་གྱི་གླུ་བ་གླུ་མ་དག་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་བྱས་པའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་སྤེལ་བ་ལས། ཨང་དང་པོ་དང་ཨང་གཉིས་པ་རྣམས་གདན་ཞུ་བྱས་ཏེ་ཚོགས་པ་ཡིན་ལ། ཁོང་ཅག་གིས་རང་ཞིང་ཆེན་གྱི་ལ་གཞས་སྒྱུ་རྩལ་གྱི་ཚད་མཐོ་བའི་ཆུ་ཚད་མཚོན་པ་ཡིན་ཞིང་། ཁོང་ཅག་བརྟེན་ནས་རང་ཞིང་ཆེན་གྱི་ལ་གཞས་སྒྱུ་རྩལ་ཉམས་པ་སླར་གསོ་དང་། མ་ཉམས་གོང་སྤེལ་གྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་བྱ་རུ་བཅུག་ནས། མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་རེད།

མཚོ་ལྷོའི་གླུ་བ་མགོན་པོ་ཡུལ་ལྷ།

མཚོ་བྱང་གླུ་མ་ཚེ་བྷོ།

མཚོ་ལྷོའི་གླུ་བ་སྨོན་ལམ་རྒྱ་མཚོ།

མཚོ་ལྷོའི་གླུ་བ་རྟ་མགྲིན་ཚེ་བརྟན།

མགོ་ལོག་གླུ་མ་ཚེ་རིང་སྒྲོལ་མ།

མཚོ་བྱང་གི་གླུ་བ་ཚེ་རིང་།

མཚོ་ལྷོའི་གླུ་མ་བྱམས་མཚོ།

མཚོ་བྱང་གི་གླུ་བ་མགོན་སྐྱབས་ཚེ་རིང་། 

མཚོ་ལྷོའི་གླུ་བ་ཀླུ་བྷ་ཚེ་རིང་།

གླུ་བ་མགོན་སྐྱབས་ཚེ་རིང་དང་གླུ་བ་ཀླུ་བྷ་ཚེ་རིང་གཉིས་ཀྱིས་རོགས་བྱམས་མཚོ་རྩོད་པ།

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།