སྐབས་ཉི་ཤུ་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གནས་ཚུལ་བཀོད་པ། ༼ ཁག་ལྔ་བ། ༽
2019.06.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1131

རྡུལ་ཚོན་བྱེ་མའི་ལམ་ནས་བླུགས་པའི་སངས་རྒྱས་ཀྱི་སྐུ་བརྙན།

                      རྡུལ་ཚོན་བྱེ་མའི་ལམ་ནས་བླུགས་པའི་ཕོ་བྲང་པོ་ཏ་ལ། 

                                     སྙན་ངག་གི་བརྗོད་བྱའི་རི་མོ། 

   རྡུལ་ཚོན་བྱེ་མའི་ལམ་ནས་བླུགས་པའི་མི་ཕྱུགས་ཀྱི་པར་རིས། 

མཚོ་སྔོན་འཇའ་ཚོན་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་གི་ལས་འཛིན་པ་བཟོད་པ་དང་རྡོ་རིང་གཉིས་ཀྱིས་ཚོང་མགྲོན་རྣམས་ལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ། 

མཚོ་སྔོན་འཇའ་ཚོན་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་གིས་གཙོ་བོ་བོད་ཀྱི་རྡུལ་ཚོན་ལག་རྩལ་བེད་སྤྱད་དེ།  བོད་ལུགས་ཀྱི་སྲོལ་རྒྱུན་རི་མོ་དང་།  རྒྱ་ལུགས་དང་ནུབ་ལུགས་ཀྱི་རི་མོ་སོགས་རྡུལ་ཚོན་བྱེ་མའི་ལམ་ནས་ལྡུག་བཞིན་ཡོད།  སྤྱིར་རྡུལ་ཚོན་གྱི་ལག་རྩལ་འདི་གནའ་བོའི་དུས་སུ་རྒྱ་གར་ནས་དར་བ་བརྒྱུད་ནས་བོད་ལ་དར་བ་ཞིག་ཡིན།  གཙོ་བོ་དཀྱིལ་འཁོར་གྱི་རི་མོ་རིས་སུ་འབེབས་དུས་ལག་རྩལ་འདི་སྤྱད་ཅིང་།  དུས་རབས་བཅུ་གཅིག་པའི་ནང་རྭ་ལོ་ཙཱ་བའི་སློབ་མ་རྭ་ཆོས་རབ་སྐབས་བོད་ལ་ཐོག་མར་དར་བ་ནས་ད་ལྟའི་བར་མི་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།  བོད་ཀྱི་རྡུལ་ཚོན་ལག་རྩལ་འདི་དུས་རབས་གསར་བར་ནུབ་ཕྱོགས་སུ་དར་ཁྱབ་བྱུང་འདུག་ཀྱང་རྣམ་པ་གསར་བའི་འབྲི་བཞེངས་བྱེད་ལུགས་འདི་འདྲ་བྱུང་མེད།  རྒྱུ་མཚན་དེར་དམིགས་ནས་མཚོ་སྔོན་འཇའ་ཚོན་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་གིས་སྔར་ཡོད་ཀྱི་སྲོལ་རྒྱུན་ལ་བཅོས་སླད་མེད་པར་རྒྱུན་འཛིན་གྱི་ཉམས་མྱོང་གོང་སྤེལ་དང་།  ཉམས་པ་སླར་གསོ་བྱེད་པའི་དམིགས་ཡུལ་བཅངས་ཡོད་པར་མ་ཟད།   རྡུལ་ཚོན་སྒྱུ་རྩལ་གྱི་ཁྱབ་ཁོངས་གཞན་དག་གསར་བཏོད་ཀྱིས།  ངོ་བོའི་ཆ་ནས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ཡིན་པ་ལ།  རྣམ་པའི་ཆ་ནས་རི་མོའི་འབྲི་ལུགས་སྣ་ཚོགས་འབྲི་བཞེངས་བྱེད་བཞིན་ཡོད།  མདོར་ན་མི་ཡི་འདྲ་རིས་དང་།  གཏམ་རྒྱུད་དང་སྙན་ངག་གི་བརྗོད་བྱ།  རྩིས་དང་ས་དཔྱད་རིག་གནས་ཀྱི་ནང་དོན་སོགས་ཀྱང་རྡུལ་ཚོན་གྱི་རི་མོའི་ལམ་ནས་བཞེངས་བསྐྲུན་བྱེད་བཞིན་ཡོད།ཞོལ་ནས་ང་ཚོས་མཚོ་སྔོན་འཇའ་ཚོན་བོད་ཀྱི་རིག་གནས་སྒྱུ་རྩལ་གླིང་གི་ལས་འཛིན་པ་རྡོ་རིང་བརྒྱུད་ལ་མཉམ་གཅིག་ཏུ་ཁོ་ཚོའི་ཀུང་ཟི་དེའི་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱེད། 

གསར་འགོད་པ།  གཡང་འབུམ་རྒྱལ། དཔའ་བརྟན་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། ལྷ་བརྟན། 

སྤྱའི་ལྟ་སྐུལ་བ། རྣ་བྷ།