ཤེས་རིག་གི་སྡིངས་ཀ རྫོང་རུ་བཅའ་སྡོད་སློབ་ཆུང་།
2019.07.07 ཁུངས། ཀློག་གྲངས། 612

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཐུན་ཏེ་རྫོང་རྫོང་རུ་བཅའ་སྡོད་སློབ་ཆུང་ནི2014ནས་ལས་མགོ་བརྩམས་ཏེ2015ལོར་དངོས་སུ་ལེགས་གྲུབ་བྱུང་ཞིང་བཀོལ་སྤྱོད་བྱེད་ཀྱིན་པའི་རྫོང་མཁར་གྱི་གཞིས་ཁུལ་གསར་བར་ཆགས་པའི་དེང་རབས་ཅན་གྱི་རྒྱལ་གཉེར་སློབ་གྲྭ་ཞིག་སྟེ། གནས་སའི་ས་བབ་ལེགས་ཤིང་ཡུལ་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག  མིག་སྔར་མཚོ་ལྷོའི་མངའ་ཁོངས་ཀྱི་སློབ་གྲྭ་ཡོངས་ནས་གཞི་ཁྱོན་ཆེས་ཆེ་བ་དང་སློབ་སྒྲུབ་ཀྱི་ཆ་རྐྱེན་ཆེས་ལེགས་པའི་སློབ་གྲྭ་ཞིག་རེད།

སློབ་གྲྭ་འདིའི་སྤྱིའི་རྒྱ་ཁྱོན་ལས་སྨི་གྲུ་བཞི་མ68200 ཡོད་པ་དང་།  འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ22351  ཡོད། མིག་སྔར་སློབ་གྲྭ་འདིར་འཛིན་གྲྭ33 དང་སྣོད་ལྡན་སློབ་བུ1548་ཡོད་ལ་དགེ་བཟོ་བ129ཡོད་པ་རེད། དེ་ཡང་ཏང་དང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། དགེ་བཟོ་བ་རྣམ་པའི་ཐུན་མོང་གི་ཧུར་བརྩོན་བཅས་ལ་བརྟེན་ནས་སློབ་གྲྭ་འདི་མེད་པ་ནས་ཡོད་པ། ཡོད་པ་ནས་རྒྱས་བར་འཕེལ་ཏེ་ད་ལྟའི་རྣམ་པ་གསར་བ་འདི་ཆགས་པ་རེད། ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ། སློབ་གྲྭས་ཏང་དང་མི་རིགས་སློབ་གསོའི་ལས་དོན་གོང་དུ་སྤེལ་བའི་དགོངས་དོན་ལྟར། ཁྱོན་ཡོངས་ནས་ཐོས་བསམ་དོན་གཉེར་དང་མི་གཞི་གསོ་སྐྱོང་། འཇོན་ནུས་སྔོག་འདོན་དང་རིག་སྟོབས་སྐྱེད་སྲིང་གི་རྒྱུན་འཁྱོངས་ཁ་ཕྱོགས་སྔོན་དུ་སོང་ཞིང་། ཕྱོགས་གཅིག་ནས་དགེ་རྒན་དང་སློབ་མའི་ཆབ་སྲིད་བསམ་བློའི་སློབ་གསོ་ནན་འཛིན་བྱས་པ་དང་། གཞན་ད་དུང་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་སྒྲུབ་ཕན་འབྲས་གཙིགས་སུ་བཟུང་སྟེ། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲ་བརྟན་དོན་འཁྱོལ་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་ཡིད་ཆེས་དང་རེ་བས་ཁེངས་ཡོད་དོ།།

རིག་པའི་སྡིངས་ཀ།

སློབ་གྲྭའི་དཔེ་མཛོད་ཁང་།

སློབ་གྲྭའི་དཔེ་མཛོད་ཁང་དུ་བརྩིགས་ཡོད་པའི་བཀའ་བསྟན་འགྱུར།

དགའ་མོས་ཚོ་ཆུང་གི་བྱ་འགུལ།

ཤེས་བྱའི་ཀློང་དུ་འགྲིམ་པའི་སྣང་བརྙན།

བོད་ཀྱི་ཡིག་གཟུགས་ཀྱི་སློབ་ཁྲིད།

དམངས་སྲོལ་འཁྲབ་སྟོན།

སློབ་གྲྭའི་གཟེངས་རྟགས་སྣ་ཚོགས།