ན་ཆུང་སྨྱུ་གུ་རྩེན་པའི་བྲོ་ར་རུ། ཤེས་བྱའི་ཉི་འོད་གསེར་གྱི་མདངས་ལ་འཁུ།
2019.07.08 ཁུངས། ཀློག་གྲངས། 276



གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན།  ཐུབ་བསྟན་རྡོ་རྗེ།) ལོ་ངོ་བདུན་ཅུའི་འཕེལ་རྒྱས་དང་ལོ་ངོ་བདུན་ཅུའི་འགྱུར་ལྡོག མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་འགོར་བའི་དུས་སྐབས་འདིའི་ནང་བོད་ཁུལ་གྱི་བྱིས་པའི་རྩོམ་རིག་གིས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཞིང་།  བྱིས་པ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ནས《གངས་རྒྱན་ན་ཆུང་ཚགས་པར》འདིས་རྒྱལ་ཡོངས་ཀྱི་བྱིས་པ་མང་པོ་གཙོ་བྱས་བོད་ཁུལ་གྱི་བྱིས་པ་མང་པོར་རང་གི་དགའ་མོས་ལྟར་གྱི་རྩོམ་རིག་གི་ལམ་བུ་གསར་དུ་བཏོད་ཅིང་།  ལམ་བུའི་འདིའི་སྟེང་ནས་བྱིས་པའི་དཔུང་སྡེ་འདི་ཉིད་མ་རིག་མུན་པ་སེལ་བའི་བགྲོད་ལམ་སྟེང་ལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་བཞིན་ཡོད།  རིག་གནས་དང་སློབ་གསོའི་བྱ་གཞག་ལ་དོ་སྣང་མཛད་མཁན་ཞིག་ཡིན་ཚེ།  ངེས་པར་དུ་བྱིས་པའི་སློབ་གསོ་ནས་མགོ་བརྩམས་དགོས་པ་ཞིག་ཡིན་དགོས་ཏེ།  དེ་བས《གངས་རྒྱན་ན་ཆུང་ཚགས་པར》འདི་ཡང་བྱིས་པའི་འཚོ་བའི་ཁྲོད་ནས་ཆེས་འོད་སྟོང་འབར་བའི་རིག་གནས་སློབ་གསོའི་རྨང་རྡོ་ཞིག་དང་།  སློབ་མ་ཚོའི་བློ་སྒོ་གསལ་བོར་འབྱེད་པའི་ཤེས་བྱའི་ལྡེ་མིག་ལྟ་བུ་ཞིག་ཏུ་ཆགས་འདུག

《གངས་རྒྱན་ན་ཆུང་ཚགས་པར》ནི1989ལོའི་ཟླ6པའི་ཚེས1ཉིན་གསར་དུ་བཏོན་ཞིང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་བཞིན་པའི་ཞིང་ཆེན་རིམ་པའི་བོད་ཡིག་ན་ཆུང་ཚགས་པར་གཅིག་པུ་ཡིན། ཚགས་པར་འདིའི་པར་ངོས་ཚང་མ་སློབ་ཆུང་སློབ་མའི་བློ་ཁ་དང་ཆེས་མཐུན་ཞིང་། སློབ་མ་ཚོའི་བློ་ཁ་ཅིག་ཅར་དུ་འཕྲོག་ཐུབ་པར་མ་ཟད། སློབ་མའི་བསླབ་ཕྱིའི་བློ་སྒོ་འབྱེད་པའི་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད།

ཚགས་པར་སྟེང་དུ་ན་ཆུང་བྱིས་པ་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་། སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་ཁག་གི་ཤེས་བྱ། སློབ་མའི་སྦྱངས་རྩོམ། ཡུལ་སྐོར་གཏམ་རྒྱུད། འཕྲོད་བསྟེན་རྒྱུན་ཤེས། ཚན་རིག་ཤེས་བྱ། རི་མོ་དང་ཡིག་གཟུགས། རོལ་རྩེད་དོ་ར་ལ་སོགས་ནང་དོན་ཕུན་སུམ་ཚོགས་པའི་ཤེས་བྱ་མང་པོ་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མིག་གི་དགའ་སྟོན་དུ་ཕུལ་ཡོད་པ་དང་། རྩོམ་ཐུང་ལ་དོན་ལྡན་པ། ཚིག་བདེ་ཞིང་གོ་སླ་བ། རི་མོ་དང་ཚོན་མདོག་སྤེལ་མ་བཅས་ཀྱི་སྒོ་ནས་བྱིས་པའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པར་མ་ཟད། ན་ཆུང་བྱིས་པ་ཚོའི་བློ་སྒོ་འབྱེད་ཐུབ་པ་དང་། ཤེས་རྒྱ་ཇེ་ཆེར་གཏོང་ཐུབ་པ། ཀུན་སྤྱོད་བཟང་བོ་སྐྱེད་སྲིང་བྱེད་ཐུབ་པ། སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་ཐུབ་པ་བཅས་ཀྱི་དགེ་མཚན་ལྡན་པས། རྒྱ་ཆེའི་སློབ་མ་རྣམས་ཀྱི་དགེ་རྒན་དང་། དགེ་རྒན་རྣམས་ཀྱི་གྲོགས་པོ། ཕ་མ་ཚོའི་རམ་འདེགས་པར་གྱུར་ཡོད།


ལོ་ངོ་སུམ་ཅུའི་རིང་ལ། 《གངས་རྒྱན་ན་ཆུང་ཚགས་པར》བོད་ཁུལ་གྱི་ན་ཆུང་ཡོངས་ལ་ཁ་གཏད་དེ། ཏང་གི་སྐད་ཆ་བརྒྱུད་སྒྲོག་དང་ཚན་རིག་ཤེས་བྱ་སྤེལ་བ། སྔོན་ཐོན་རིག་གནས་དར་སྤེལ་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་དང་མཚོ་སྔོན་གསར་བའི་འཛུགས་སྐྲུན་པ་གསོ་སྐྱོང་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ལ་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སློབ་ཁྲིད་དངོས་དང་ཟུང་འབྲེལ་སྒོས་སློབ་གསེང་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཆེད། ཕྱོགས་ཡོངས་ནས་བོད་རིགས་ལོ་ཆུང་བྱིས་པ་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས། སྐྱོན་བྲལ་ཕན་ལྡན་དང་ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་བསམ་པའི་རྒྱགས་ཕྱེ་འདོན་སྤྲོད་བྱས་ཏེ། ཏང་དང་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ། མི་དམངས་ལ་དགའ་བ་བཅས་ཀྱི་སྤྱོད་ཤེས་ཀུན་ལྡན་གྱི་བོད་རིགས་ལོ་ཆུང་བྱིས་པ་རབས་དང་རིམ་པ་སྐྱེད་སྲིང་བྱས་ཡོད།