སོར་རྩེ་ལས་ཐོན་པའི་བཟོ་རྩལ།
2019.07.09 ཁུངས། ཀློག་གྲངས། 194

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་རྒྱལ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཉེ་བའི་ལོ་འགའི་ནང་། ཀོས་ནན་རྫོང་གི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་ལས་སྐྲུན་དང་བསམ་བློ་བཅིངས་འགྲོལ། གསར་གཏོད་མདུན་སྐྱོད། དཀའ་སྤྱད་འབད་བརྩོན་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་བཅས་ཀྱི་ཐད་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་གོང་འཕེལ་ཆེན་པོ་བྱུང་དེ་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་དུ་སོང་ཡོད་པར་མ་ཟད། ལྷག་པར་དུ་ཁོ་ཚོས་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་པས། མི་རིགས་གླུ་གར་དང་བོད་ཀྱི་གཙགས་དྲུབ་ལ་འཕེལ་རྒྱས་ཆེན་པོ་བྱུང་དེ། ཞིང་ཆེན་ཕྱི་ནང་དང་ཐ་ན་ཕྱིའི་རྒྱལ་ཁབ་ཁག་ཏུའང་མིང་གྲགས་ཆེན་པོ་རྒྱས་ཡོད་ལ། ཀོས་ནན་རྫོང་ལ་གླུ་གར་གྱི་ཕ་ས་དང་བོད་ཀྱི་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

བོད་ཀྱི་གཙགས་གྲུབ་ནི་དམངས་ཁྲོད་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ལ། བོད་གངས་ཅན་གྱི་རྨོ་ལས་རིག་གནས་དང་བོད་བརྒྱུད་ནང་བསྟན་གཉིས་ཟུང་དུ་སྦྲེལ་བའི་འབྲས་བུ་སྟེ། བོད་རིགས་བུད་མེད་ཚོའི་བློ་གྲོས་དང་སོར་རྩེ་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཞིག་ཡིན།

གསར་འགོད་པ་ཀོས་ནན་རྫོང་བྱ་མདོ་སྡེ་མང་དུ་ཐོན་པ་ན། མིག་ལམ་དུ་མངོན་པའི་བོད་སྲོལ་གཙགས་དྲུབ་ལས་ཐོན་པའི་བཟོ་རྩལ་ཐོན་རྫས་ཀྱི་ཚོན་མདངས་རྣམ་པར་བཀྲ་ཞིང་།  སྐུད་རིས་ཀྱི་བར་ཚགས་གྲིམ་ལ།  མི་སྣ་དང་རི་ཆུ།  ལྗོན་ཤིང་།  སྲོག་ཆགས་སོགས་ལ་གསོན་ཉམས་སྣང་བ་དང་ནང་དོན་ཕུན་སུམ་ཚོགས། ཀོས་ནན་རྫོང་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་གནས་གཞིའི་རིག་གནས་ཐོན་ལས་གླིང་ངམ་དོན་གྲུབ་བོད་རིག་གནས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཛིན་པས།  ཁོ་ཚོས་ལོ་འདི་དག་ལ་ཧུར་ཐག་སྒོས་བོད་ཀྱི་གཙགས་དྲུབ་ཐོན་ལས་ལ་སྣེ་ཁྲིད་དེ་ཐོན་ལས་ར་བ་གསར་འཛུགས་བྱས་ཤིང་། གཙགས་དྲུབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་མཐུན་ཚོགས་བཙུགས་ནས། ས་གནས་ཁུལ་གྱི་བུད་མེད་རྩ་འཛུགས་བྱས་ཏེ་གཙགས་དྲུབ་ཐོན་ལས་ལ་ཞུགས་སུ་བཅུག་པ་དང་མང་ཚོགས་ལ་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་བཏོད་པར་མ་ཟད། ཐོན་སྐྱེད་གཞི་ཁྱོན་ཇེ་ཆེར་བཏང་ནས་ལོ་རེར་གཙགས་དྲུབ་བརྩམས་ཆོས་འབོར་ཆེན་ཐོན་སྐྱེད་བྱེད་བཞིན་ཡོད་པར་མ་ཟད། རིག་གནས་རྒྱུད་འཛིན་ལའང་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

གཙགས་དྲུབ་ཀྱི་བརྩམས་ཆོས་སྣ་ཚོགས།

ཀོས་ནན་རྫོང་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་གནས་གཞིའི་རིག་གནས་ཐོན་ལས་གླིང་།

གཟེངས་རྟགས་སྣ་ཚོགས།

ཁབ་མིག་ལ་བརྒྱུས་པའི་ལག་ཤེས་ཀྱི་བཟོ་རྩལ།