བྱེ་ཐང་ནས་སྐྱེད་ཚལ་བར་གྱི་འཕོ་འགྱུར།
2019.07.10 ཁུངས། ཀློག་གྲངས། 170

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་རྒྱལ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཀོས་ནན་རྫོང་ནི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་རྫོང་གཙོ་བོ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་མུའུ་ཁྲི 997.4ཡོད་པ་དང་། དེའི་ཁྲོད་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལ་མུའུ་ཁྲི342ཡོད་པས་རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི34.2%ཟིན་ཡོད།  བྱེ་ས་གཙོ་བོ་མུ་གེ་ཐང་དང་དེའི་ཉེ་འགྲམ་གྱི་ཞང་དང་གྲོང་རྡལ་དྲུག་ལ་ཁེབས་ཡོད་པ་རེད།

1996ལོའི་ཚུན་ལ་ཀོས་ནན་རྫོང་གི་སྐབས་རེ་རེའི་ཏང་སྲིད་འགོ་ཁྲིད་ཀྱིས་བྱེ་སྣ་དང་མུ་གེ་ཐང་ཉེ་འགྲམ་དུ་བྱེ་འགོག་ནགས་བསྐྲུན་དང་ལྗང་བསྒྱུར་བྱེད་པ་དེ་རྫོང་ཡོངས་ཀྱི་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་།ལོ་ངོ20རིང་ལ་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པ་དང་དར་སྤེལ་གཏོང་བ། མི་དམངས་ཕྱུག་པོར་གཏོང་བ་རྒྱུན་འཁྱོངས་བྱེད་པ་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དུ་བརྩིས་ནས། ལོ་རེར་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་དམག་དཔུང་། དམངས་དམག གྲ་བཙུན། དགེ་སློབ། དེ་མིན་སྤྱི་ཚོགས་ལས་རིགས་ཡོངས་ཀྱི་མི་སྣ ་ཁྲི་ཕྲག་ལྷག་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ་རི་བཀག་ནགས་གསོ་བྱེད་པ་དང་། མཐའ་མཚམས་བཅོས་སྐྱོང་བྱེད་པའི་རྣམ་པ་ལྟར་བྱེ་འགྱུར་ཚབས་ཆེན་ཡིན་པའི་གནས་སུ་བཀག་སྡོམ་སྲུང་སྐྱོབ་བྱས་ཏེ། བྱེ་འགོག་ནགས་གསོའི་བྱ་བ་ལག་བསྟར་བྱས།


མཐོ་སྒང་གི་མཐོ་འཁྱག་ས་ཁུལ་དུ་བྱེ་འགོག་བཅོས་སྐྱོང་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བས། སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་ཆེན་པོ་བྱས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་འགོ་ཁྲིད་ཀྱིས་ཁས་ལེན་ཆེན་པོ་བྱས་ལ། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་གཟེངས་བསྟོད་ཆེན་པོ་གནང་བ་དང་། ཉིས་སྟོང་དྲུག་ལོར་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་དུ་བདམས་པ་དང་། ཉིས་སྟོང་བདུན་ལོར་མཚོ་སྔོན་ཞིང་ཆེན་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་ལས་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་སྔོན་ཐོན་ལས་ཁུངས་སུ་བདམས། ཉིས་སྟོང་བརྒྱད་ལོར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་མི་ཤུགས་ཐོན་ཁུངས་འགན་སྲུང་པུའུ། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་ཞིང་གསུམ་ནགས་ཚལ་འགོག་སྲུང་ཐད་བྱས་རྗེས་ཆེ་བའི་ལས་ཁུངས་སུ་བདམས། ཉིས་སྟོང་བཅུ་བདུན་ལོར་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ། སྡོང་འཛུགས་ནགས་སྐྲུན་མཁན་པུ་རྒྱལ་ལ་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་སྔོན་ཐོན་སྡེ་ཚོགས་དང་བྱེ་བཅོས་དཔེ་སྟོན་མི་སྣར་བདམས།

བྱེ་མ་འགོག་བཅོས་བྱ་བར་སྔར་ལས་ལྷག་པར་སྐུར་འདེད་གཏོང་ཆེད། ཀོས་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ།”“མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ།”“ཏན་ཏན་ཏིག་ཏིག་བཞི”ཡི་དགོངས་དོན་གལ་ཆེན་སོགས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་ལེགས་པོ་སྒྲུབ་སྟེ།ནུས་ཤུགས་ཡོད་རྒུའི་སྐྱེ་ཁམས་ཞན་འགྱུར་གྱི་གནས་བབས་ཚོད་འཛིན་བྱས་པ་དང་། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་གནས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། མ་ཡུམ་ཆུ་བོ་སྲུང་སྐྱོང་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྔོ་ལྗང་རི་ཆུ།ས་ཆུ་སྲུང་འཛིན་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

བྱེ་ཐང་ལྗང་བསྒྱུར་གྱི་རྣམ་པ།

བྱེ་འགོག་གི་ཆོད་སེམས།

ཕྱིར་ལྟ།

བྱེ་འགོག་གི་ཡོ་བྱད།