འཁྲབ་གཞུང་རེ་རེ་ནི་ཡིད་སེམས་སྒུལ་བའི་བཅའ་ཁྲིམས་སློབ་ཁྲིད་ཅིག་ཡིན།
2019.07.16 ཁུངས། ཀློག་གྲངས། 295


གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཚེ་མ་རྒྱལ།  ལྕགས་ཐར་ཚེ་རིང་། )

ཟླ7པའི་ཚེས8ཉིན། བོད་ཁུལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་ཆེད་བསྐྱོད་བཅར་འདྲི་ཚོགས་པའི་གསར་འགོད་པ་དག་ཀོས་ནན་རྫོང་དུ་ཐོན་པ་ན།  ཆ་འཕྲིན་སྒྲོག་གཏོང་དང་རིག་གནས་དར་སྤེལ། སྲིད་གཞུང་དང་རྒྱ་ཆེའི་མང་ཚོགས་བར་གྱི་འབྲེལ་ཟམ་ལྟ་བུར་གྱུར་ཡོད་པའི་ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཕྱིན་པ་དང་། དེ་གའི་སྤྱིའི་གནས་ཚུལ་དང་ནང་སྒོས་སུ་ཉེ་བའི་ལོ་འགར་རྒྱ་ཆེའི་ལྟ་མཁན་རྣམ་པས་དགའ་བསུ་བྱེད་བཞིན་པའི་《ཀུན་སྤྱོད་དང་ཁྲིམས་སྐྱོང་》ལེ་ཚན་སྐོར་ལ་རྒྱུས་ལོན་བྱས།

གོམ་གང་མདུན་སྤོས་ཀྱིས་དཔལ་ཡོན་ཀོས་ནན་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་སྤྱི་དམངས་ཀུན་སྤྱོད་གསོ་སྐྱོང་དང་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་སུ་གཏོང་ཆེད། 2014ལོའི་ཟླ་5བ་ནས་བཟུང་།  ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བྱ་སྤྱོད་ངན་པར་སུན་འབྱིན་དང་ཀུན་སྤྱོད་ལེགས་པོར་འབོད་སྐུལ་གཏོང་བ། མི་ཆོས་བྱམས་བརྩེ་མངོན་པར་བྱེད་པ། གཞུང་དྲང་ཡིད་རྟོན་མཐོར་འདེགས་གཏོང་བ། བཅའ་ཁྲིམས་བརྩི་སྲུང་ལ་ནུས་པ་ཕུལ་བ། དཀར་ནག་དབྱེ་འབྱེད་དང་སྒྲིག་ཁྲིམས་བརྩི་སྲུང་ནང་དོན་གཙོ་བོ་ཡིན་པའི་《ཀུན་སྤྱོད་དང་ཁྲིམས་སྐྱོང་》ཞེས་པའི་ལེ་ཚན་གཏོང་འགོ་བརྩམས།

《ཀུན་སྤྱོད་དང་ཁྲིམས་སྐྱོང་》ལེ་ཚན་ལས་མི་ཚེ་ཡི་ཀུན་སྤྱོད་སྟོབས་ཤུགས་མངོན་དགོས་པ་དང་སྤྱི་ཚོགས་ལས་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་བྱེད་དགོས་པའི་རྩ་གནད་གཞིར་བཟུང་སྟེ། ཁ་ཤགས་དང་བཞད་གར། ཟིན་ཐོ་སོགས་ཀྱི་ཁྲིམས་སྤེལ་ལེ་ཚན་གྱི་རྣམ་པ་མང་པོས་དངོས་ཐོག་བདེན་འཚོལ་དང་སྣང་ཚུལ་མཚོན་པ་སོགས་བྱེད་ཐབས་ཀྱིས་སྤྱིར་བཏང་གི་དུས་རྒྱུན་འཚོ་བའི་ཁྲོད་བྱུང་བའི་རྙོག་འཛིང་དང་འགལ་བ། བརྡར་ཤ་མི་ཆོད་པ།  ཞུ་འབོད་བྱེད་པ་སོགས་སྒྲོག་སྤེལ་བྱས་ཏེ་གྱོད་གཞིའི་རྒྱབ་ལྗོངས་དང་མི་རིགས་རིག་གནས་ཀྱི་སེམས་ཁམས། མིའི་འཚོ་སྡོད་ཁོར་ཡུག་དང་བསམ་བློའི་མཁའ་དབུགས་སྔོག་འདོན་བྱས་ཤིང་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་བཅའ་ཁྲིམས་ཤེས་བྱ་སྒྲོག་འདོན། མི་དམངས་ཀྱིས་ཀུན་སྤྱོད་འཛུགས་སྐྲུན་ལ་དོ་སྣང་དང་ཁྲིམས་འགལ་ནག་ཉེས་དང་རྒྱང་གྱེས་པར་གསལ་འདེབས་བྱས་ཡོད། འཁྲབ་གཞུང་ལ་གཅིག་ནས་ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བས་སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་གི་གྱོད་སྒྲུབ་ལ་ཟུར་ལྟ་བྱས་ཏེ་གྱོད་དོན་ཁ་ཤས་གསར་རྩོམ་བྱས་པ་དང་།  གཞན་རིག་གཞུང་ཆུ་ཚད་མཐོ་ཤོས་དག་དང་ཟུང་འབྲེལ་སྒོས་མང་ཚོགས་ཀྱི་དོ་སྣང་བྱེད་སའི་དོན་དག་བརྒྱུད་གསར་རྩོམ་བྱས་པ། ད་དུང་འོས་འགན་སློབ་གསོ་དང་རྒན་བཀུར་ཆུང་བྱམས། སློབ་གསོར་གཙིགས་ཆེན་བྱེད་པ་སོགས་སྦྲེལ་ནས་སྲོལ་རྒྱུན་སྤྱོད་བཟང་བརྒྱུད་གསར་རྩོམ་བྱས་པ་རེད། འཁྲབ་སྟོན་པ་ནི་གཙོ་བོ་ཀོས་ནན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བཟོ་བ་ཡིན་ལ་བྱ་བར་འགོར་འགྱངས་མི་བྱེད་པའི་གནས་ཚུལ་འོག་ངལ་གསོ་དང་ཁོམ་ལོང་གི་དུས་ཚོད་བེད་སྤྱད་དེ་ཕབ་སྐྲུན་བྱས་པ་ཡིན་ལ།  ཕབ་སྐྲུན་གྱི་གོ་རིམ་ཁྲོད་ས་གནས་མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ་ལེ་ཚན་དང་མང་ཚོགས་མཉམ་འདྲེས་བྱེད་པར་ཤུགས་སྣོན་བྱས་ཏེ་དོ་སྣང་ཚད་མཐོ་རུ་བཏང་། བརྒྱུད་གཏོང་སྟེགས་བུ་ནི་ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་《ཀུན་སྤྱོད་དང་ཁྲིམས་སྐྱོང་》ལེ་ཚན་ཡིན་ལ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཀྲུང་གོ་བོད་ཀྱི་དྲ་བ་སོགས་གཞུང་སྒྲུབ་དྲ་ལམ་སོགས་སུ་བཀོད་པས་ལེ་ཚན་སྔར་ལས་སྨྱན་བྱད་གསར་བའི་ཁྲོད་ཚུད་དེ་དོ་སྣང་ཚད་མཐོར་འདེགས་བྱུང་།

མིག་སྔའི་བར་དུ། ཀུན་སྤྱོད་དང་ཁྲིམས་སྐྱོང་ལེ་ཚན་ཁྱོན་བསྡོམས་123སྒྲིག་གཏོང་བྱས་པ་དང་། ཐོག་མའི་དོ་ཁུར་བྱེད་མཁན་གྱི་མི་གྲངས་སྟོང་གཅིག་གཉིས་ནས་མིག་སྔའི་མི་གྲངས་ཁྲི་ཕྲག་འགར་སླེབས་ཡོད་ལ། ཡིད་འགུགས་ཀྱིས་བཅའ་ཁྲིམས་སློབ་ཐུན་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན།

2019ལོ་ནས་བཟུང་། ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཀུན་སྤྱོད་དང་ཁྲིམས་སྐྱོང་ལེ་ཚན་སྤྱད་ནས། གོམས་སྲོལ་བསྒྱུར་བཀོད་སྐོར་གྱི་སྤྱི་ཕན་བརྡ་ཁྱབ་བརྙན་ཐུང་སྒྲོག་འདོན་བྱས་ནས་ཡང་དག་པའི་ཁ་ཕྱོགས་ལམ་སྟོན་བྱས། གཞན་ལེ་ཚན་འདི་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་ལས་གཞན་རིམ་པ་སོ་སོའི་སྡེ་ཁག་གི་ཁས་ལེན་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བརྩམས་ཆོས་དཔྱད་འདེམས་ཚོགས་འདུའི་སྟེང་ཨང་དང་པོ་གཅིག་དང་གཉིས་པ་བཞི། གསུམ་པ་ལྔ་བཅས་ཐོབ། གཞན་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་གསུམ་གྱི་བོད་སྐད་སྨྱན་བྱད་མཉམ་འབྲེལ་མཐུན་ཚོགས་སུ་ཀོས་ནན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་གསར་འགྱུར་བསྐུར་བ་ཆེས་མང་བའི་ལས་ཁུངས་ཀྱི་མཚན་སྙན་ཐོབ་པ་དང་《ཀུན་སྤྱོད་དང་ཁྲིམས་སྐྱོང་》ལེ་ཚན་ལ་ཚད་མཐོན་པོའི་གཟེངས་བསྟོད་བྱས།

ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལེ་ཚན་སྒྲིག་གཏོང་ལྟེ་གནས།

མཉམ་འབྲེལ་སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པས《ཀུན་སྤྱོད་དང་ཁྲིམས་སྐྱོང་》ལེ་ཚན་ལ་ལྟ་བཞིན་པ།